e-texts navigator
Collection
Volume
Page
Wylie

117b1 བསྟན་པས།།འཁོར་གྱི་མུན་པའི་དཀྱིལ་འཁོར་སྣང་མཛད་པ།།ཀུན་བྱེད་རྒྱལུ་པོ་ཉིད་ལ་ཕྱག་འཚལ་འདུད།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེང་རྒྱལ་པོ་ཁྱོད།།ཉིད་ཀྱི་ཐུགས་ག་ག་ཏུ་རང
117b2 ཡེ་ཤེས་ལས།།འབྱུང་ཞིང་སྡུད་པའི་རྩ་བ་ཁྱོད་ཉིད་པས།།ཆོས་ཀྱི་སྙིང་པོ་ཁྱོད་ལ་ཕྱོག་འཚལ་འདུ།།ཀྱི་སྟོན་པའི་སྟོན་པ་ཀུན་བྱང་རྒྱལ་པོ་ཁྱོད།།མ་རིག་པའི་ལམ་ནི་བསལ
117b3 ནས་ཀྱང་།།ཡེ་ཤེས?་སྣང་བ་ཀུན་ཏུ་མཆེད་པར་བྱེད།།སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད།།ཀྱེ་ཇི་ལྟར་སྣང་བའི་ཆོས་ནི་ཐམས་ཅད་ཀུནོ།།རང་འབྱུང་ཉིད་པས་རྒྱུ་རྐྱེན་ཀུན་དང་བྲལ།།
117b4 མ་བཅོས་སྙིང་པོ་ཇི་བཞིན་གསོལ་བས་ན།།རང་འབྱུང་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ཉིད།།ཇི་ལྟར་བརྟགས་ཀྱང་གཏིང་མཐའ་དབུས་མེད་དེ།།ཀུན་གྱི་འབྱུང་གི་ནས་བསམ་པ
117b5 ཡུལ་ལས་འདས།།སྐྱེ་འགག་དམིགས་འཇུག་ལས་འདས་རྣམ་པར་ནི།།སུ་ཞིག་འཇུག་ཅིང་དམིགས་དང་དད་པ་དག།འདི་ལ་དམན་པར་དམྱིགས་མེད་པས།།མི་རྩོལ་བ་ལ
117b6 གནས་ཤིང་དབུགས་ཕྱིན་འགྱུར།།ཆོས་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོ་ལས།།ཇི་ལྟར་གནས་པ་རྩོལ་སྒྲུབ་ཀུན་དང་བྲལ་ཞེས་གསུང་སོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས
117b7 རྗེསུ་བསྟོད་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།།།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེ་ལེགས་པར་འདུན་ནས་ཞུས་པ།ཀྱེ




iiif viewer powered by OpenSeadragon

117a - 118a

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po