| | e-texts navigator
|
116b1 པའི་རང་བཞིན་བཅུ་རུ་བསྟན་པའི་ཕྱིར།།རྟོགས་པའི་མདོ་ལུང་བཅུ་རུ་བསྟན་པ་ཡིན།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།བསྒོམ་པས་ངེས་པར་འབྱིན་པར་བཤད་པ་ནི།།
116b2 རང་བཞིན་བཅུ་རུ་དགོསཾ་པས་བཤད་པ་ཡང་།།སྐྱེ་བ་མེད་པའི་དོན་དུ་བསྡུས་ཏེ་བསྟན།།སྐྱེ་མེད་རྟོགས་པའི་དོན་ལས་མཱ་ཡེངས་པས།།བསྒོམས་པའི་མདོ་ལུང་བཅུ་རུ་བསྡུས
116b3 ཏེ་བསྟན།།འོད་ལས་འཕྲོས་ཤིང་ཐམས་ཅད་འདིར་འདུས་པས།།ཀུན་བགྱི་རྩ་བ་དོན་གྱི་འགྲོལ་བའི་ལུང་།།ཀུན་བྱེད་ང་ཡི་སྲས་སུ་གྱུར་པ་ལ།།མིང་གིས་དོན་མཚོན་སྐྱེ་མིང
116b4 རྟོགས་ཕྱིར་བསྟན།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས།།ཐེག་པའི་རྣ་བ་བྱང་ཆུབ་སེམས་ཀྱི་ལུང་།།ཀུན་བྱེད་རྒྱལ་པོས་བསྡུས་པའི་རྩ་བ་འདྲི།།སེམས་དཔའ་དི་རྗེ
116b5 ལེགས་པར་རྟོགས་འགྱུར་ན།།རྒྱལ་བའི་རྒྱལ་བ་ཀུན་བྱེད་རྒྱལ་པོར་འགྱུར།།དེ་ཕྱིར་ཀུན་བྱེད་ང་ཡི་འཁོར་རྣམས་ལ།།སེམས་དཔའ་རྡོ་རྗེས་དོན་འདི་ལུང་སྟོན་ཅིག།སྐྱེ་མེད
116b6 བྱང་ཆུབ་སེམས་སུ་ལུང་སྟོན་ཅིག།འཁོར་འདས་དབྱིངསུ་གཅིག་པར་ལུང་སྟོན་ཅིག།རྒྱུ་འབྲས་དུས་གཅིག་རྫོགས་པར་སྟོན་ཅིག་ཅེས་གསུང་སོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ
116b7 པོ་ལས་དགོད་པ་དོན་ལྔ་མིག་གི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ།།།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའ་རྡོ་རྗེས་གུས་པའི་ཚུལ་གྱིས་བསྟོད་པ།
iiif viewer powered by OpenSeadragon
116a - 117a