| | e-texts navigator
|
115b1 བསྟན་པ་ནི།།ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན་གྱིས།།དངོས་པོའི་དོན་ཀུན་གཏན་ལ་ཕབ་པ་སྟེ།།སེམས་དཔའ་རྡོ་རྗེས་ལེགས་པར་ནན་ཏན་གྱིས།།ཀྱེ་ང་ཡི་རང་བཞིན་ལྔ་བཅུ་རྩ་བདུན
115b2 ནི།།མངོན་དུ་བྱུང་བའི་མདོ་ལུང་བཅུ་པོ་དང་།།དེསཱ་པར་བསྟན་པའི་མདོ་ལུང་བཅུ་པོ་དང་།རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་པོ་དང་།།བྱ་མེད་རྡོརྗེ་པའི་མདོ་ད་བཅུ་པོ་དང་།།གཏན་ལ་འབྲིངས་པའི་མདོ་ལུང་།།
115b3 བཅ་བ་ངང་།།དགོས་ཆེད་སོར་བསྟན་པྲ་ལྔ་བཅུ་ལྔ།།གཅིག་གིས་གཞི་བསྟན་གཅིག་གིས་གོདྲམས་པ་བསྟན།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།མངོན་དུ་ཕྱུང་བའི་མདོ་ལུང
115b4 བཅུ་བསྟན་པ།།དང་པོ་དང་ནི་བཅུ་དང་གཉིས་བསྟན་པ།།བཅུ་གཅིག་པ་དང་གསུམ་དང་ཉི་ཤུ་པ།།བཅོ་ལྔ་པ་དང་ཉི་ཤུ་ལྔ་པ་དང་།།ཉི་ཤུ་རྩ་གཅིག་དྲུག་པས་རྫོགས་པ་ཡིན།།གངམ
115b5 ངག་ཕོག་པས་མངོན་ཕྱུང་མཐོང་བའི་ཕྱིར།།བཅུ་དྲུག་པ་ཡིས་མངོན་ཕྱུང་དགོས་པ་བསྟན།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།ངེས་པར་བསྟན་པའི་མདོ་ལུང་བཅུ་བསྟན
115b6 བ།།བཞི་པ་སུམ་ཅུ་གསུམ་ཅུ་པ་གཽ་སུམ་པ།།བཅུ་གཉིས་པ་དང་ལྔ་དང་གསུམ་བཅུ་གཉིས།།སུམ་བཅུ་དྲུག་དང་སུམ་བཅུ་བཞི་པ་དང་།།ཉི་ཤུ་དགུ་དང་བཅུ་བདུན་པ་ཡིས
115b7 རྫོགས།།ངས་པར་དེ་སྟན་པའི་དགོས་པ་ཡིད་མེས་དག།ལྔ་བཅུ་རྩ་ལྔ་པ་ཡིས་བསྟན་པ་ཡིན།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།རྒྱུ་འབྲས་འདས་པའི་མདོ
iiif viewer powered by OpenSeadragon
115a - 116a