| | e-texts navigator
|
115a1 དབང་སྤྱད་དོན་ལ་གནས་པ་ཡིས།།ཀུན་བྱེད་རྒྱལ་པོའི་དགོངས་པ་ལྷུན་གྱིས་གྲུབ་ཅེས་གསུངསོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྷུན་གྲུབ
115a2 རེ་དོགས་བཅད་པའི་ལེའུ་སྟེ་བརྒྱད་བཅུ་པའོ།།།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སེམས་དཔའི་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།།ཀྱེ་སྟོན་པ
115a3 ཀུན་བྱེད་རྒྱལ་པོ་ལགས།།ཇི་ལྟར་སྣང་བའི་ཆོས་ནི་ཁྱོད་ཀྱིས་བྱས།།བསྟན་པའི་དམ་ཆོས་མྱ་ལུས་ཁྱོད་ཀྱིས་བཀོད།།དྲམ་པའི་རང་བཞིན་ཁྱོད་ཀྱིས་བསྟན་པས་ན།།ཁྱོད་ཀྱི་རང
115a4 བཞི་ནི་རྟོགས་ན་ཆོས་ཀུན་རྟོགས།།དེ་བས་ཆོས་ཀུན་ཉིད་ཀྱི་རང་བཞིན་འདི།།འདུས་པའི་ཚོགས་ཀྱིས་གསལ་བར་མ་རིག་པས།།དོན་དུ་ཇི་ལྟར་གནས་པ་བཤུད་དུ་གསོལ་ཞེས
115a5 ཞུས་སོ།།དེ་ནས་བྱང་ཆུབ་ཀྱོ་སེམས་ཀུན་བྱེད་རྒྱལ་པོས་མདོ་ལུང་རྒྱུད་ལ་བསྡུ་བ་འདི་གསུངསོ།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ནན་ཏན་གྱིས།།སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ།།
115a6 པོ་ཡིས།།འཁོར་ལ་མདོ་ལུང་བསྡུས་པ་འདི་ཕོག་པ།།ལེགས་པར་བསྟན་པའི་དོན་ལ་ནན་ཏན་གྱིས།།ཀྱེ་ང་ཡི་རང་བཞིན་སྐྱེ་མེད་དོན་ཅིག་ལ།།རྒྱུད་ཀྱི་རང་བཞིན་རྣམ་པ་གསུམ
115a7 དུ་བསྟན།།གདམས་པ་རྣམ་པ་གསུམ་གྱི་རིམ་པ་ཡིས།།རྒྱུད་ནི་རྩ་བའི་རྒྱུད་དང་ཕྱི་མ་དང་།།ཕྱེ་མའི་ཕྱི་མས་དོན་རྫོགས་བསྟན་པ་ཡོན།།ཀྱེ་རྩ་བ་ཐོས་པའི་རང་བཞིན
iiif viewer powered by OpenSeadragon
114b - 115b