| | e-texts navigator
|
114a1 བྱང་ཆུབ་ཀྱི་སྙོམས་ཀུན་བྱེད་རྒྱལ་བྷྱོ་ལས་མི་བསྒྲིབ་པའི་ལྡེའུ་སྟེ་བདུན་དུ་དགུ་པའོ།།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་བས
114a2 ལྷུན་གྲུབ་རེ་དོགས་ལས་འདས་པའི་དགོངས་པ་འདི་གསུངསོ།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་དེ་བསྒོམས་ཤིག།ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ།།ཇི་ལྟར་སྣང་བའི་ཆོས
114a3 རྣམས་མ་ལུས་པ།།ཀྱེ་སེམས་ཀྱི་རང་བཞིན་ཉིད་དུ་བསྟེན།།ཀྱེ་སེམས་ཀྱི་རང་བཞིན་ལྷུདན་གྱིས་སྒྲུབ་པའི་ཕྱིར།།གྲུབ་དང་མ་གྲུབ་གཉིས་ལུང་མྱི་སྟོན།།འདི་དེང་སྡུག
114a4 བསྔལ་གཉིས་རྟོག་མེ་བྱེད།།འཁོར་དང་མྱ་ངན་འདྲེས་པ་དེར་དོགས་བྲལ།།ལྷུན་གྲུབ་སེམས་ཀྱི་རང་བཞིན་ཅིར་སྣང་བས།།མི་བྱུང་སྟོང་པའི་དོན་དུ་སྒྱུ་མ་བྱེད།།གེའིཙྪ
114a5 པོ་རྟོག་དཔྱོད་ལས་འདས་པས་གྲུབ་ཅིང་བརྟེན་པའི་ཕྱོགསུ་ཞེན་མི་བྱེད།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་སྒོམས་ཤིག།ལྷུན་གྲུབ་རྟོག་དཔྱད་འདས་པའི་སྙིང་པོ་ལྔ།།
114a6 གྲུབ་དང་མོ་གྲུབ་དོན་ལ་རྟོག་མི་བྱེད།།དེ་ཕྱེད་ཁྱོད་ཀྱང་རྟོག་པར་མ་བྱེད་ཅིག།ཀྱེ་ལྷུན་གྲུབ་བྱེ་རྩ་ལ་འདས་པའི་སྙིང་པོ་ལ།།གང་གི་ཕྱོགས་ལྡོག་མེད་པའི་ཞེན་པ་ནི།།
114a7 ཇི་ལྟར་ངུས་པ་མཁའ་ལ་རྩོད་པ་ལྟར།།ཀུན་བྱེད་ང་ཡི་རང་བཞིན་མཐོང་མི་འགྱུར།།གང་གིས་གང་སྤངས་ལྡོག་པར་འདོད་པ་ནི།།རེ་དོགས་འཇིགས་པའི་སེམས་དང
iiif viewer powered by OpenSeadragon
113b - 114b