e-texts navigator
Collection
Volume
Page
Wylie

113b1 མི་བྱེད།།དངོས་པ་སྟོང་པར་གསལ་བས་སྒོམ་མི་བྱེད།།རྣམ་པ་སྙིང་པར་གསལ་ངས་རེ་དོགས་མེད།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེང་རྒྱལ་པོ་ཡིས།།མ་བཅྡོཾས་འཁོར་གྱི་ནང་དུ
113b2 ལུང་བསྟན་པ།།མ་བཅོས་སྙིང་པོ་ཆོས་ཀུན་རྩོལ་བ་ལ།།ཇི་ལྟར་སྣང་བ་གཏན་ལ་འབེབས་པར་བྱེད།།སྙིང་པོ་རང་བཞིན་གཅིག་གི་དོན་རྟོགས་ན།།ཀུན་གྱི་རང་བཞིན་ཀུན་བྱེད
113b3 ཉིད་དུ་འདུས།།ངེས་ན་ཀུན་བྱེད་ང་ཡི་དོན་མཁས་ན།།བསམ་གྱིས་མི་ཁྱབ་ཆོས་ལ་མཁས་པར་འགྱུར།།ཀུན་བྱེད་པ་ཡི་དོན་ལ་གོམས་གྱུར་ན།།ཀུན་གྱི་དོན་ལ་གནས་ཤིང
113b4 བློམས་པ་ཡིན།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ད་བསྒོམས་ཤིག།ཇི་ལྟར་སྣང་གྲགས་ཆོས་རྣམས་ཐམས་ཅད་ལ།།སྙིང་པོ་རྟོགས་གོམས་དོན་ཉིད་གཅིག་ལས་མྱེད།།
113b5 སྙིང་པོ་མངོན་དུ་ཕྱུང་ནས་གང་བསྟན་པ།།རང་བཞིན་སྐྱེ་བ་མེད་པའི་དོན་དུ་རྟོགས།།མི་ཡེངས་རེ་དོགས་ཆད་པས་དགོངས་པ་ཡིན།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་ང་བསྒོམས
113b6 ཤིག།ཇི་ལྟར་སྣང་བའི་ཆོས་སུ་གང་བསྟན་པ།།ཀུན་བྱེད་རྒྱལ་པོ་མཚན་པའི་ཐབསུ་བསྟན།།ཐབས་དེའི་ལུང་དང་འགལ་བར་མ་བྱེད་ཅི་།ཀུན་བྱེད་ང་ཡི་སྲས་སུ་ཞུགས
113b7 རྣམས་ཀྱིས།།ཀུན་ཀྱང་སྐྱེ་མེད་དོན་དུ་རྟོགས་འགྱུར་ན།།འཁོར་དང་མྱ་ངན་འདས་པར་མི་སེམས་ཏེ།།སྙིང་པོ་རང་བཞིན་རྟོགས་དཔྱོད་བྲལ་བར་བསྟན་ཞེས་གསུངས་སོ།།




iiif viewer powered by OpenSeadragon

113a - 114a

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po