| | e-texts navigator
|
113a1 བྱང་ཆུབ་ཀྱི་སེམས་ཀུན་བྱེང་རྒྱལ་པོས་རདྨ་འབྱུང་སྙིང་པོའི་རླུང་ལ་སྒྲུབ་པ་བསལ་དུ་མེད་པའི་དགོངས་པ་དྨ་དི་གསུང་སོ།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད
113a2 རྒྱལ་པོ་ཡིས།།སྙིང་པོ་སློབ་མེད་དགོངས་པར་ལུང་བསྟན་པ།།ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ།།སྐྱེ་མེད་ཆོས་ཀྱི་དབྱིངས་ཀུན་གཅིག་བྲིས།།སྐྱེ་མེད་སྙིང
113a3 ཐུགས་ཀྱི་རང་བཞིན་ལ།།སྒྲིབ་པ་མི་སྒྲིབ་ཁྱད་པར་བསྟན་པ་མྱེད།།ཀྱེ་སེམས་དཔའ་རྡོ་རྗེ་ལེགས་པར་དེ་བསྒོམས་ཤིག།སྐྱོ་མེད་ཆོས་ཀྱི་དབྱིངས་སུཾ་གཅིག་པཱ་ལ།
113a4 སྒྲིབ་དང་མི་སྒྲིབ་སྤོང་ལེན་གང་འདོད་པ།།དམ་པའི་སྙིང་པོའི་དོན་དང་འགལ་བར་འགྱུར།།ཀུན་བྱེད་བྱང་ཆུབ་སེམས་ཀྱིས་ལུང་བསྟན་པ།།སྐྱེ་མྱོང་བསྒོམས་པས་སྐྱེ་བ
113a5 སྙིང་པོར་གསལ།།མཁའ་ལྟར་རྟོག་དཔྱོད་འདས་ལ་གང་གནས་པས།།སྒྲིབ་དྲང་མྱི་སྐྱེ་བོ་བྱང་ཆུབ་སེམསུ་གནས།།ཀྱེ་ཀུན་བྱེད་རྒྱལ་པོས་འཁོར་ལ་ལུང་བསྟན
113a6 པ།།ཡེ་ཤེས་སྒྲིབ་མེད་གསལ་བའི་དོན་དུ་བསྟན།།རང་འབྱུང་རྒྱུ་རྐྱེན་མེད་པའི་སྙིང་པོར་གནས།།རྟོགས་པས་སྒྲོ་སྐུར་འདས་པའི་དགོངས་པ་ཡིན།།ཀྱེ་དེ་ཕྱིར་སེམས
113a7 དཔའ་རྡོ་རྗེ་སྒོམས་ཤིག།རང་འབྱུང་ཡེ་ཤེས་དམིགས་པ་ཀུན་ལས་འདས།།རྟོགས་པ་དམིགས་པའི་དོན་དུ་གཞོག་མི་བྱེད།།ཡུལ་ལས་འདས་པས་རྣམ་ཤེས་སྲུང
iiif viewer powered by OpenSeadragon
112b - 113b