e-texts navigator
Collection
Volume
Page
Wylie

112b1 ལ་གཉི་སུ་དབྱེ་བའི་ཆོས་མ་སྟོན།།རྟོག་དང་དཔྱོད་འདས་རྟོག་དཔྱོད་པས་མ་མྱི་བྱེད།།མ་གཅོས་ཇི་བཞིན་པ་ལྔ་འཚོ་སྔ་མ་བྱེད།།བྱ་བ་གང་གཏང་ཅི་སྣང་ཆོས་ཉིད་ལ།།མ
112b2 བསམས་རང་བཞིན་བཞག་པས་གྲོལ་བར་སྟོན།།ཀྱེ་སེམས་དཔའོ་རྡོ་རྗེ་ཆེན་པོ་དདེ་བསྒོམས་ཤིག།བྲང་དོར་མེད་པའི་ཆོས་ཉིད་བྱང་ཆུབ་ལོ།།མཁའ་ལྟར་གནས་པས་ལུས་སེམས
112b3 བཅོསུ་མེད།།འདུ་ཤེས་ཞེ་ན་འཇིག།མེད་པས་བསྒོམ་དུ་མེད།།མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་ལ།།ཡུལ་ལ་མི་འཇུག་དགོངས་པའི་དམིགས་འཇུག་བྲལ།།ཀྱེ་སེམས
112b4 དཔའ་རྡོ་རྗེ་ལེགས་པར་ད་བསྒོམས་ཤིག།དབང་པོ་ཡུལ་ལ་མི་རྟོག་སེམས་མི་སྡུད།།གཉེན་པོ་མ་བརྟེན་ལུས་སེམས་རྒྱུད་མ་སྦྱོངས།།ལུས་སེམས་མ་བཅོས་སྙིང་པོའི
112b5 དོན་ཏུ་རྟོགས།།ཀྱེ་ཀུན་བྱེད་རྒྱལ་པོ་དཱ་ཡི་སྤྱོད་པ་ནི།།མ་བཙལ་ལྐུག་པར་གནས་པས་དོན་ཀུན་རྫོགས།།སྙིང་པོའི་དོན་དུ་འདུས་པོས་བླང་དོར་མེད།།རེ་དོགས་རྣམ་པར་ཆད་པས
112b6 མྱ་ངན་འདས་མི་བསྒོམ།།ཀུན་བྱེད་ང་ཡི་སྤྱོད་པ་གང་རྟོགས་པས།།དུས་གསུམ་སྐྱེ་མེད་དོན་དུ་མཉམ་པ་ལ།།འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས།།འདི་ནི་རླུང་དོར་མེད
112b7 པར་ལུང་བསྟན་ཏོ་ཞེས་གསུངས།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཉམ་པ་ལ་བྲང་དོར་མེད་པར་བསྟན་པའི་ལེའུ་སྟེ་བདུན་ཅུ་བརྒྱད་པའོ།།།དེ་ནས




iiif viewer powered by OpenSeadragon

112a - 113a

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po