e-texts navigator
Collection
Volume
Page
Wylie

111b1 མེད་ཅིང་ཡོངསུ་འགྲིབ་མི་བྱེད།།མཚན་མ་མིན་ཞིང་དེ་ཉིད་མིན་པའང་མིན།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས།།ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།།སྐྱེ་བ་མེད་པའི་ངོ་བར
111b2 བྱིན་བརླབས་པས།།རྟོགས་པ་སྣ་དེ་ཉིད་དང་དུ་ལྡོག་པར་འགྱུར།།ཀུན་བྱེད་རྒྱལ་པོའི་བྱིན་རླབས་ཀྱིས།།སེམས་དཔའ་རྡོ་རྗེས་ཇི་ལྟར་རྟོགས་པ་ལྟར།།ཕྱི་རབས་ཀུན་བྱེད་ལུང་ལ་དང
111b3 པ་ལ།།དངོས་པོ་སྐྱེ་བ་མེད་པར་བྱིན་རློབས་ཤིག།ད་ལྟར་སྐེམ་དུ་མེད་པའི་སྙིང་པོ་ལ།།མ་ཡེངས་དྲན་པས་བཟུང་བ་མན་ངག་ཡིན།།ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་འདྲ་ལ།།
111b4 བཤད་པས་མ་ཡིན་ཚིག་སུ་བཅད་པས་མིན།།བསྒོམ་པས་མ་ཡིན་མ་བསྒོམས་པས་ཀྱང་མིན།།སྙིང་པོ་སྔགས་དང་ཕྱག་རྒྱ་ཀུན་ལས་འདས།།ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡིས་བསྟན
111b5 པའི་ས།།མ་ལུས་འདི་ལ་བརྟེན་པས་སྤྱོད་ལེན་མེད།།ཕྱོགས་ཆ་མྱེད་པར་ཁྱབ་པས་ཆེ་ཆུང་མེད།།ཆོས་ཀྱི་དབྱིངསུ་གནས་ཕྱིས་རྟོག་དང་མི་རྟོག་མེད།།དྲི་ཕྱིར་དུས་གཅིག
111b6 གནས་པའི་ས་འདི་ལ་སེམས་དཔའ་རྡོ་རྗེ་ལེགས་པར་གནས་པར་གྱིས་ཤེས་གསུངསོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་ལ་སྦྱང་མེད་ཀྱི་ལེའུ་སྟེ་བདུན་ཅུ་བདུན
111b7 པའོ།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཉམ་པ་ལ་བླང་དོར་མོད་པའི་དགོངས་པ་འདི་གསུང་སོ།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱ་མ་པོ་ཡིས།




iiif viewer powered by OpenSeadragon

111a - 112a

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po