e-texts navigator
Collection
Volume
Page
Wylie

111a1 དྲུ་གསུང་སོ།། སེམས་དཔའ་དུ་རྟོགས་པའི་དོན་ལ་བསྒོམས།།སྟོ་བྷུའི་སྨྱོན་པ་སྨན་བྱེད་རྒྱལ་པོ་ཡིས།།བསམ་གྱིས་མི་ཁྱུབ་ས་པའི་དུས་བརྒྱུད
111a2 པ།སྙིང་པོ་རྟོགས་པའི་ས་ཞེས་བཤད་པ་ཡིན།།བདེ་ཚེ་ནི་ངེས་པའི་དུས་སུ་གང་བསྟན་པ།།དེ་ནི་གོམས་པའི་སོ་ཞེས་བཤད་པ་ཡིན།།གཞན་དག་རྩོལ་ཞིང་སྤྱོད་པའི་ཁྱོད
111a3 པར་དག།ཁམས་གསུམ་འཁོར་བའི་སྙིང་པོ་བསྒྲིབས་པའི་ས།།ས་ཞེས་བྱ་བ་གནས་པའི་ཁྱད་པར་ཏེ།།གང་ལ་གང་གནས་དེ་ནི་ས་ཡིན་ནོ།།ཀྱེ་སྐུ་གསུམ་སྟོན་པའི་ས་ལ་གྲངས
111a4 བགྲངས་ཀྱང་།།ཀུན་བྱེང་རྒྱལ་པོའི་སཱ་ལ་རིམ་པ་མེད།།ས་དང་ས་ཡི་རིམ་པའི་ཁྱད་པར་ཡོད།།ཅེས་པ་སྐུ་གསུམ་སྟོན་པས་འཁོར་ལ་བསྟན་པ་ཡིན།།ཀྱེ་སྟོན་པའི་སྟོན
111a5 པ་ཀུན་བྱེད་རྒྱལ་པོ་ཡིསོ།།མཉམ་ཉིད་སྐྱེ་བ་མེད་པའི་རང་བཞིན་ལ།།ཐབས་དང་སྙིང་པོ་རྟོགས་པའི་གང་ཟག་གིས།།སྒྲིབ་དང་ས་ཡིས་བྱེད་པར་བསྟན།།ཀུན་བྱེད་རྒྱལ
111a6 པོ་དེ་ཡི་རང་བཞིན་ནི།།དུ་མ་གསུམ་འབྱུང་འཇུག་མི་བྱེད་ཡིད་ལ་བྱེད་པ་མེད།།རིས་སུ་མི་ལྟ་མཚན་མའི་ཡུལ་མི་ཚོལ།།ཀུན་བྱེད་རྒྱལ་པོའི་དགོངས་པའི་ལུང་དུ་བསྟན།།
111a7 ཀྱེ་ཀུན་བྱེད་རྒྱལ་པོར་ཡི་དགོངས་པ་ནི།ཚིག་དང་ཡི་གོས་མཚོན་པོ་མ་རྙེད་ཅིང་།།སྒྲ་དང་ཚད་མས་གཏན་ལ་དབང་དུ་མེད།།སྐྱེ་བོ་མེད་པས་འགག་པ་མེད་པ་ཡིན།།འཕེལ




iiif viewer powered by OpenSeadragon

110b - 111b

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po