| | e-texts navigator
|
110b1 བྱེད་རྒྱལ་པོ་སྟེ།།དུས་གསུམ་རྒྱལ་བ་ཀུན་གྱི་ལམ་འདྲེན་པས།།ཁྱོད་ཀྱང་ལམ་ལ་ལེགས་པར་ཞུགས།།འདས་པའི་སངས་རྒྱས་སྐྱེ་མེད་ལམ་དུ་ཞུགས།།མ་བྱོན་སྐྱེ་མེད་ལམ
110b2 ལོ་འཇུག་པར་འགྱུར།།ད་ལྟར་སངས་རྒྱས་སྐྱེ་མེད་ཉིད་ལ་གནས།།དེས་ན་ཀུན་བྱེད་རྒྱལ་པོ་ཀུན་གྱི་ལམ།།ཀྱེ་ལམ་འདིར་འཇོག་ཙོང་བསྒོམ་པའི་རྣལ་འབྱོར་པོ།།དེ་ལྟ་ཉིད
110b3 ནས་རྒྱལ་བའི་ས་ལ་གནས།།དགོངས་པོ་མི་འཛིན་ཕྱོགས་རིས་གཟུང་དུ་མེད།།སྙིང་པོའི་ལམ་ལ་འཇུག་དང་མི་འཇུག་འདས།།ཀྱེ་རྣལ་འབྱོར་དུས་གཅིག་འཇུག་པའི་སྐལ་ལྡན
110b4 ལ།།ཀུན་བྱེད་རྒྱལ་པོའི་དགོངས་པ་བསྟན་བྱས་ནས།།རྟོགས་པའི་རླུང་ལ་དྲན་ཞིང་འདྲིས་པ་ལས།།བསྒོམ་ཞིང་འཇུག་ཏུ་མེད་པར་ལུང་སྟོན་ཅིག།ཀྱང་ནི་སྟོན་པ་ཀུན་བྱེད་བྱུང
110b5 ཆུབ་སེམསུ་བྱས།།མ་ལུས་ཀུན་བྱས་བྱང་ཆུབ་སེམསུ་བྱས།།སེམས་ཉིད་སྐྱེ་བ་མེད་པའི་ལམ་དུ་བྱས།།སྐྱེ་མེད་བདེ་བའི་ལམ་ལ་འཇུག་ཏུ་མེད།།སྐལ་ལྡན་རྒྱལ་སྲས
110b6 དམ་པར་ངེས་པ་ལ།།ཀུན་བྱེད་དེ་ཡི་ལ་མ~ཾ་འདི་གོམས་བྱས་ནས།།བགྲོད་མོད་རྩལ་མེད་སྙིང་པོའི་དོན་རྟོགས་ནས།།ཀུན་བྱེད་རྒྱལ་པོ་ཉིད་དུ་ཐེ་ཚོམ་མེད་ཅེས་གསུངསོ།།བྱང
110b7 ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྙིང་པོ་ལམ་ལ་གནས་པའི་ལེའུ་སྟེ་བདུན་ཅུ་དྲུག་པའོ།།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་དོན་ལ་སྤྱང་དུ་མེད
iiif viewer powered by OpenSeadragon
110a - 111a