| | e-texts navigator
|
110a1 པའི་ལེའུ་སྟེ་བདུན་ཅུ་ལྔ་པའོ།།།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྲིང་པོ་དོན་གྱི་ལམ་འདི་གསུངསོ།།ཀྱེ་སེམས་དཔའ་རྡོ་རྗེ་དོན་ལ་ད
110a2 བསྒོམས་ཤིག།སྙིང་པོ་མི་རྟོགས་དོན་གྱི་ལམ་འདི་ལ།།ནམ་མཁའ་མཐའ་ལྟར་གནས་པས་མི་ཁྱབ་མེད།།སྐྱེ་མེད་མིན་པ་མེད་པས་མི་སྒོམས་མེད།།རྟོག་དཔྱོད་ཡུལ་ལས་འདས
110a3 པས་དམིགསུ་མེད།།སྙིང་པོ་མཚན་མ་འདས་པའི་ཡུལ་འདི་ལ།།བགྲོད་པའི་ཡུལ་ལས་འདས་པས་བགྲོད་མོ་བྱེད།།ལམ་ལ་མི་བགྲོང་ས་ལ་མི་སྤྱོད་ཞིང་།།མི་རྟོག་བདེ་ལ
110a4 གནས་པས་ལྷུན་གྱིས་གྲུབ།།ཀྱེ་ཀུར་བྱེད་རྒྱལ་པོ་དེ་ཡིས་ལམ་ཉིད་ནི།།ཆོས་ཀྱི་དབྱིངསུ་གཅིག་པས་བགྲོད་དུ་མེད།།སྙིང་པོ་དོན་དང་འགྲོགས་པས་ཡེངས་པ་མེད།།ཐིག་ལེ
110a5 གཅིག་ཏུ་འདུས་པས་གར་མི་འགྲོ།།ཀྱེ་དེ་ཡ་དོན་ལ་སེམས་དཔའ་རྡོ་རྗེ་བསྒོམ།།བསྒོམ་དུ་མེད་པའི་དོན་ལ་མ་བསྒོམས་ན།།མཚན་མའི་གྲངས་ལ་བསྐལ་པ་བརྒྱར་བསྒོམས་ཀྱང་།།
110a6 ཀུན་བྱེད་ང་ཡི་དགོངས་པ་རྟོགས་མི་འགྱུར།།རྣམ་རྟོག་ཡུལ་ལ་མཚན་མའི་གྲངས་ལས་འདས།།ཀུན་བྱེད་བྱ་མི་དགོས་ལ་བྱར་ཡང་མེད།།བྱ་བ་མཚན་མིའི་རྣལ་འབྱོར་རྗེས
110a7 གིས་ཤིང་།།བྱ་བས་མི་ཟིན་རྟོག་པས་རྟོག་པ་འཇིལ།།ཆུ་ལས་རྙོག་མ་བཞིན་ཏེ་བྱིས་པས་བསྲུངས།།ཀྱེ་སེམས་དཔའ་རྡོ་རྗེ་དོན་ལ་ལེགས་པར་བསྒོམས།།ང་ནི་སྟོན་པ་ཀུན
iiif viewer powered by OpenSeadragon
109b - 110b