e-texts navigator
Collection
Volume
Page
Wylie

109a1 གནས་པ་འདི་གསུང་སོ།།ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་བསྒོམས་ཤིག།རིག་པའི་རྒྱལ་པོས་གསལ་བར་དབང་སྒྱུར་ནས།།མཚན་མའི་བདེ
109a2 བླའི་དབང་ལ་རཱག་མི་ལུས།།རྟོགས་ནས་མི་རྟོག་དོན་ལ་ཇི་བཞིན་ཞོག།ཀྱེ་ཀུན་བྱེད་རྒྱལ་པོ་དབང་ཐོབ་རིག་པ་ནཱ།།དངོས་པོ་མ་བཅོས་ཇི་བཞིནི་རྟག་ཏུ་ཤར།།རྒྱུ་དང་རྐྱེན་མེད
109a3 ཞི་བ་མཆོག་གི་ལམ།།བཞི་བཞག་གང་ལྟར་བཞག་ཀྱང་དེ་ཉིད་དང་།།ཀུན་བྱེད་རྒྱལ་པོ་ཐབས་ཆེན་རྟོགས་པའི་དབང་།།ཀུན་ཀྱང་ཇི་བཞིན་ཡུལ་ལ་འཇུག་པ་ནོ།།སྐྱོན་དང
109a4 ཡོན་ཏན་གཉི་ག་མཉམ་ཞེས་པས།།འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས།།ཀྱེ་ཀུན་བྱེད་རིག་པས་དབང་སྒྱུར་དགོངས་པ་འདི།།ངག་གིས་སྨྲར་མེད་དམིགས་པའི
109a5 ཡུལ་ལས་འདས།།དྲན་པ་ཞི་ཞིང་སྤྲོས་པ་མེད་པ་སྟེ།།མཁའ་ལྟར་ཁྱབ་ཅིང་ཕྱོགས་མ་ཡོངས་ཀྱིས་མེད།།ཀྱེ་སེམས་དཔའ་རྡོ་རྗེ་དེ་བཞིན་ཉིད་བསྒོམས་ཤིང་།།བསྒོམ་དང
109a6 མི་སྒོམ་ཡུལ་ལས་འདས་པ་ལ།།གཉི་ཀ་འབྱུང་འཇུག་རེ་དོགས་མེད་པ་ཡིས།།མཱཉམ་པར་མི་འཇུག་དོན་ལ་བསྒོམ་མྱི་བྱེད།།དབང་དང་དངོས་གྲུབ་མི་ལེན་བཅོས་སུ
109a7 མེད།།ཀུན་བྱེད་རྒྱལ་པོ་ཉིད་ལ་གུས་པར་གནས།།ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ནི།།རང་འབྱུང་སྒོམ་དུ་མེད་པའི་སྙིང་པོ་སྟེ།།ཡེ་ཤེས་གསལ་ལ་སྒྲུབ་པ་མེད་པ




iiif viewer powered by OpenSeadragon

108b - 109b

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po