e-texts navigator
Collection
Volume
Page
Wylie

108a1 དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སྙིང་པོ་འདུ་བྲལ་མོད་བྱར་གནས་པ་འདི་གསུང་སོ།།ཀྱེ་ཇི་བཞིན་པ་ལ་སེམས་དཔའ་རྡོ་རྗེ་སྒྲོམ།།སྨྱོན
108a2 བྱའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།སྙིང་པོ་དགོད་དུ་མེད་པར་བསྟན་པ་ནི།།ཇི་བཞིན་གཙོ་འཁོར་མེད་པའི་དོན་དུ་བསྟན།།ཀྱེ་རིག་པའི་རྒྱལ་པོ་གསལ་བར་དབང་བསྒྱུར་བས།སྲིང
108a3 པོ་རྩོལ་བསྒྲུབ་འདས་པའི་བདག་ཉིད་དེ།།རྟོགས་པ་ཡེ་ཤེས་མཆོག་གིས་ལེན་པར་བྱེད།།འདི་ནི་ཀུན་བྱེད་རྒྱལ་པོའི་དཀྱིལ་འཁོར་ཡིན།།ཀྱེ་སྟོན་པའི་སྟོན་པོ་ཀུན་བྱེད་རྒྱལ
108a4 པོ་ཡིས།།སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི།།ཇི་ལྟར་སྤང་ཞིང་གནས་པའི་ཆོས་རྣམས་ཀུན།།སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད།།སྙིང་པོའི་དོན་ལ་བླང
108a5 དྲོང་མེད་པའི་ཕྱིར།།དེ་ཡང་ཀུན་བྱེད་ང་ཡིས་བཀོད་པ་ཡིན།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིསོ།།སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི།།ཇི་ལྟར་གྲགས
108a6 ཤིང་གནས་པོའི་ཆོས་རྣམས་ནི།།སྐྱེ་བ་མེད་པའི་དབྱིངས་ལས་ཚིག་གིས་གསུང་དུ་བཀོད།།སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས།།དེ་ཡང་ཀུན་བྱེད་རྒྱལ་པོས
108a7 བཀོད་པ་ཡིན།།ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།སྙིང་པོ་རིགས་པའི་དཀྱིལ་འཁོར་བཀོད་པ་ནི།།ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན།།མ་སྐྱེས་ཀུན




iiif viewer powered by OpenSeadragon

107b - 108b

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po