| | e-texts navigator
|
107b1 ཉིད་དུ་གནས་ཤེས་ན།།བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ།།ཀྱོ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་བསྒོམས་ཤིག།རྟོག་པ་དང་སར་གྲོལ་བའི་ལྟ་བ་ལ་མ་ཡོངས་རང་བཞིན་བཞག
107b2 པས་བྱེ་བཙལ་མེད།།ཀུན་ཀྱང་རང་འབྱུང་རང་སརྱ་གྲོལ་བ་ཡིན།།ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་བསྒོམས་ཤིག།རང་ལུས་མི་བཅོས་དབང་པོ་མི་རྟུལ་ཏེ།།ངག་ཀྱང་མི་གདམས
107b3 བྱ་རྟོལ་བྱང་ཡང་མེད།།སེམས་ཀྱང་གང་གཏང་མི་གཡོའི་དང་ལ་བཞག།བྱ་བ་མེད་པའི་ཕྲིན་ལྟོས་འདི་བསྒོམས་པས།།བྱས་པ་མེད་པར་དོན་ཀུན་རྫོགས་པར་འགྱུར།།ཀྱེ་ཇི་བཞིན
107b4 རྩོལ་བྲལ་བདེ་བ་ཆེན་པོ་ལ།།སྒོ་གསུམ་མོ་རྩོལ་བཅོས་ཤིང་དམིགས་མི་བྱེད།།ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འོ་བྲས།།རང་འབྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག།འདི
107b5 ནི་རང་འབྱུང་འོདགས་པ་དགོངས་པ་སྟེ།།ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལསོ།།ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་བསྒོམས་ཤིག།མ་བཅོས་ཇི་བཞིན་ཉིད་ལ་འཇུག་པ་ལ།།ཚང་མ་མི་དགྲོ་གཉེན
107b6 བོས་ཅེས་མ་དགོས།།ཎྜི་བའི་དོན་ལམ་བཅོས་དེ་བཞིན་ཞིག་ཀྱེ་བྱ་བ་མེད་པའི་རང་བཞིན་ལས་འདི་ལ།།སྒོ་གསུམ་རྩོལ་བ་བྱས་པས་ཟིན་མི་འགྱུར།།ཀུན་བྱེད་རྒྱལ་པོའི་དགོངས་པ་ལ་གནས་པས།།
107b7 ང་ཡི་དགོངས་པོ་སྲིད་ལས་ལྷུན་གྱིས་གྲུབ་ཅེས་གསུང་སོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཇི་བཞིན་པ་ལ་བྱ་རྩོལ་དང་བྲལ་བར་གནས་པའི་ལེའུ་སྟེ་བདུན་ནུ་གསུམ་པའོ།།
iiif viewer powered by OpenSeadragon
107a - 108a