| | e-texts navigator
|
107a1 ཅེས་གསུང་སོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་བསྒོམ་འདར་མེད་པའི་ལེའུ་སྟེ་མདུན་ནུ་གཉིས་པའོ།།།།དེ་ནས་བྱང་ཆུབ་ཀྱི
107a2 སེམས་ཀུན་ཀྱེད་རྒྱལ་པོས་བྱ་མེད་རྩོལ་བ་དང་བྲལ་བར་རྟོགས་པ་འདི་གསུངསོ།།ཀྱེ་ང་ནི་ཀུན་བྱེད་རྒྱལ་པོ་སྟེ།།ཀུན་བྱེད་རྒྱལ་པོ་ང་ཡི་དགོངས་པ་ནི།།བསམ་པའི་ཡུལ་ལས
107a3 འདས་པས་བསྒོམ་དུ་མེད།།ཀྱེ་སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ།།ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་།།རང་འབྱུང་ང་ལ་རྒྱུ་རྐྱེན་ཀུན་དང་བྲལ།།སྒོ་གསུམ་བཙལྔ་མེད་ལྷུག
107a4 པ་ཉིད་དུ་ཞོག།གང་ཞིག་བྱ་རྩོལ་མཚན་མའི་རྗེས་འབྲངས་པ།།ཀུན་བྱེད་ང་དང་ཕྲད་པར་མི་འགྱུར།།ཀྱེ་སྟོན་པའི་ཀུན་བྱེད་དེ་ཡི་ཕྲིན་ལས་ནི།།བྱ་བ་མེད་པས་རྩོལ་བའི་ལས
107a5 མི་བྱེད།།དམིགས་པ་མེད་པས་བསྒོམ་པའི་འདུ་ཤེས་བྲལ།།འདུ་འབྲལ་མེད་པས་མ་བརྗོད་ཡིད་ལ་ཞོག།བྱུང་ཚོར་སྐྱེ་བ་མེད་པས་གསལ་འགྱུར་ནས།།གང་ཡང་བྱས་པ
107a6 མེད་པ་ལས་ཀུན་གྲུབ།།ཀྱེ་ང་སྒོ་ནི་པ་ཀུན་བྱེད་རྒྱལ་པོ་སྟེ།།རྒྱལ་བ་ཀུན་གྱི་ཕྲིན་ལས་ངས་བྱས་ཀྱང་།།རང་འབྱུང་ཡེ་ཤེས་བྱ་མེད་རྫོགས་པའི་ཕྱིར།།ཇི་བཞིན་པ་ཡི་ལས
107a7 ལ་བྱེད་མ་མྱོང་།།མབ་ཅོ་ལ་ཇི་བཞིན་ཉིད་དུ་སེམས་དཔའ་ཞོག།ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ།།སེམས་དང་སེམས་ལས་བྱུང་བ་ཅི་སྐྱེས་ཀྱང་།།དེ་ཉིད་སྐྱེ་མེད
iiif viewer powered by OpenSeadragon
106b - 107b