e-texts navigator
Collection
Volume
Page
Wylie

106b1 བསྲུང་དུ་མེད་པའི་དམ་པའི་དགོངས་པ་འདི།།ཀུན་ཏུ་ཡོ་ནཱས་མྱ་བསྲུངས་གནས་པ་ལ།།ཀུན་བྱེད་ང་ཡི་དགོངས་པ་མ་གོམས་ན།།ཇི་ལྟར་བསྲུངས་པ་ཆེ་ཆུད་ནང་དུ་འགྱུར།།ཀྱེ་ཀུན་བྱེད
106b2 ང་ཡི་དགོངས་པའི་དམ་ཚིག་ནི།།མ་ཡེངས་དྲན་པས་དངོས་པོ་ཡེ་ཤེ་སུ།།མ་བཅོས་སུས་ཀྱང་མ་བྱས་རང་འབྱུང་སྟེ།།རིག་པས་དབང་བསྒྱུར་བསྲུང་དང་མི་སྲུང་མེད།།ཇི་ལྟར་སྣང་བའི
106b3 ཆོས་རྣམས་ཐམས་ཅད་ཀུན།།རང་འབྱུང་སྙིང་པོར་གསལ་བས་དབང་སྒྱུར་བས།།ཀུན་བྱེད་རྒྱལ་པོས་བྱས་པའི་ཆོས་རྣམས་ལ།།རིག་དང་མི་རིག་གཉིས་ཀའི་ཡུལ་ལས་འདིས།།
106b4 ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།།བསྲུང་དང་མི་བསྲུང་ཡུལ་ལས་འདས་པ་བསྟར།།སེམས་དཔའ་རྡོ་རྗེས་དོན་ལ་གོམས་བྱས་ནས།།ང་ཡིས་འཁོར་ལ་དེ་ལྟར་ལུང་སྟོན
106b5 ཅིག།ང་ཡི་འཁོར་ལ་དེ་ལྟར་ལུང་བསྟན་ན།།བྱ་བའི་འདུ་ཤེས་ལམ་ལས་གྲོལ་བར་འགྱུར།།སྐྱེ་བ་མེད་པས་ཀུན་ཀྱང་ཞི་བར་འགྱུར།།ཀུན་བྱེད་རྒྱལ་པོ་ང་ཡིས་ཐུགསུ་འགྱུར།།
106b6 ཀྱེ་ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས།།ང་ལ་སྒོ་དང་སྐུར་པའི་ཡུལ་མེད་པས།།གང་ལ་སེ་མོས་པར་མ་བྱེད་བསྒོམ་མ་བྱེད།།སྒོ་གསུམ་བཙོས་པར་མི་བྱ་ལྷུག་པར་བཞག།
106b7 བཟའ་དང་རྒྱུ་སྐར་ཆེས་གྲངས་དུས་ཚོད་མེད།།ཡིད་ལ་མི་བྱེད་སྔགས་དང་ཕྱག་རྒྱ་བྲལ།།དེ་བས་ཀུན་བྱེད་བྱང་ཆུབ་སེམས་ཉིད་ལ།།བསྲུང་དང་མི་བསྲུངས་ཚོམས་མེད་པར་བཤད




iiif viewer powered by OpenSeadragon

106a - 107a

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po