e-texts navigator
Collection
Volume
Page
Wylie

106a1 རྣལ་འབྱོར་གང་ཟག་སུ་ཡང་རུང་།།ཀུན་བྱུང་རྒྱལ་པོ་ཉིད་དུ་ལུང་བསྟན་ཏོ་ཞེས་གསུང་སོ།།བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་ས་ལྟ་བ་སྒྲོམ་དབྱེར
106a2 མེད་པའི་ལེའུ་སྟེ་བདུན་ཅུ་གཅིག་པའོ།།།།དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་བསྲུང་དུ་མེད་པ་དེ་བཞིན་ཉིད་དུ་གནས་པ་འདི་གསུངསོ།།སྟོན་པའི་སྟོན་པོ་ཀུན་བྱེད
106a3 རྒྱལ་པོ་ཡིས།།རྣམ་རྟོག་མཚན་མའི་ལམ་ལ་གནས་པའི་བར།།བསྲུང་དང་མི་སྲུང་ཁྱད་པར་གཉིས་མཐོང་བ།།རྩ་བ་ཡན་ལག་བཅས་པར་བསྲུང་བར་བསྟན།།ཀྱེ་ཀུན་བྱེད་པ
106a4 ནི་ཡེ་ནས་དེ་བཞིན་ཉིད།།དེ་བཞིན་ཉིད་ལ་གཟུང་འཛིན་མེད་པའི་ཕྱིར།།ཆོས་རྣམས་དེ་ལྟར་གང་གིས་རྟོགས་པ་ལ།།བསྲུང་དང་མི་སྲུང་འདུ་ཤེས་འཇུག་པ་མེད།།ཀྱེ་ང་ནི་མ
106a5 བཅྡོཾས་ཀུན་བྱེད་བྱང་ཆུབ་སེམས།།གཉེན་པོ་མི་བསྟན་ཡུལ་ལ་འཇུག་མི་བྱེད།།རང་འབྱུང་ལྷུན་གྲུབ་རིག་པའི་དམ་ཚིག་ལ།།འདའ་ཉམས་མེད་པས་ཆེད་དུ་བསྲུང་བ་མེད།།།
106a6 རང་རིག་མ་ནོར་བློ་ཡི་ཆེད་མ་ཡིས།།མཱ་བཅོས་སྙིང་པོའི་དོན་ལ་འཇུག་པར་བྱེད།།སྐྱེ་མེད་ཐུག་སུ་ཆེས་ཀུན་རོ་གླཅིག་པས།།འཇུག་དང་མི་འཇུག་མཐའ་ལ་ང་མི་གནས།།ཀྱེ
106a7 སེམས་དཔའ་རྡོ་རྗེ་དོན་ལ་གོམས་པར་གྱིས།།དགོངས་དོན་གསང་བའི་རིག་པ་མ་ཤོར་ན།།ཚིག་དང་སྒྲ་ལ་འཛིན་པའི་གོམས་པ་དག།ཀུན་བྱེད་ང་ཡི་ལུང་དང་ཕྲད་མི་འགྱུར།།།




iiif viewer powered by OpenSeadragon

105b - 106b

Texts on this page

N744 - chos thams cad rdzogs pa chen po byang chub kyi sems kun byed rgyal po