e-texts navigator
Collection
Volume
Page
Wylie

240b1 དང་བའི་བཀྲ་ཤིས་གཉིས་པའོ།།དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག།མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས།།ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་བཞི།།དེ
240b2 ནི་འཇིག་རྟེན་དགེ་བའི་དཀྲ་ཤིས་གསུམ་པའོ།།སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་།།དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ།།ཚོགས་ཀྱི་ལམ་གྱིས་ཐུབ
240b3 པའི་བཀྲ་ཤིས་གང་བྱུང་བ།།བཀྲ་ཤྲིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག།འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི།།གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས
240b4 ཏེ།།དབང་བཅས་ལྷ་ཡིས་བསྐོར་བའི་བཀྲ་ཤཱིས་གང་བྱུང་བ།།བཀྲ་ཤྲིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག།ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམ་པའི་ཚལ།།ལྷ་མང
240b5 དག་གི་བསྟེན་པར་མགོན་པོ་བལྟམ་པ་ན།།སྲིད་པའི་མཐར་ཕྱིན་པའི་དཀྲ་ཤིས་གང་བྱུང་བ།།བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག།གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ
240b6 པོའི་ཕོ་བྲང་དུ།།ལྷུང་ནས་བལྟམ་པ་སྟོན་པ་བདེ་གཤེགས་ཟས་བཅིང་སྲས།།མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་།།བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི
240b7 བྱད་ཤོག།གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི།།རྨད་དུ་གྲགས་པ་ཆེ་བོའི་ལྷ་ཡིས་མངོན་བསྟོད་པ།།བསམ་པས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་།




iiif viewer powered by OpenSeadragon

240a - 241a

Texts on this page

N742 - bkra shis kyi tshigs su bcad pa