| | e-texts navigator
|
239a1 མགོན་པ་ཡོན་ཏན་ཐམས་ཅད་རྟོགས་པས་བཀྲ་ཤིས་པ།།དགེ་མཉམ་པསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ།།བཀྲ་ཤིས་དེས་ནི་སྐྱེ་དཀུ་རྣམས་ལ་ཞི་བྱེད་ཤོན
239a2 སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་།།ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་སླུ་བ།།རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ།།བཀྲ་ཤིས་དེས
239a3 ནིསྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག།བསམ་གཏན་ཏིང་འཛིན་ཡེ་ཤེས་དམ་པ་ཕ་རོལ་ཕྱིན་པའི་གནས།།ཡེ་ཤེས་པདྨོའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་།།ཚེ་གྲངས་མེད་པར་བྱིན་གྱིས
239a4 བརླབ་པའི་བཀྲ་ཤིས་གང་ཡིན་པ།།བཀྲ་ཤིས་དེས་ནི་སྐྱེ་དཀུ་རྣམས་ལ་ཞི་བྱེད་ཤོག།སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་།།འགྲོ་བ་ཀུན་གྱི་འཆིང་བྱས་བཅིངས
239a5 ལས་གྲོལ་མཛད་པ།།ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ།།བཀྲ་ཤིས་དེས་ནི་སྐྱེ་དཀུ་རྣམས་ལ་ཞི་བྱེད་ཤོག།དེ་བཞིན་གཤེགས་པ་ལྡིའི་བཀྲ་ཤིས་ཚིག་སུ་བཅད་པ
239a6 རྫོགས་སོ།།།དཀོན་མཆོག་གསུམ་ལ་ཕྱག་འཚ་ལོ།།རིགས་གསུམ་གྱི་བཀྲ་ཤས།བཅོམ་ལྡན་གསེར་མདོག་རིའི་རྒྱལ་པོ་འདྲ།།འཇིག་རྟེན་གསུམ་མགོན་འཇམ
239a7 དཔལ་གཞོན་ནུའི་སྐུ།།བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡོད་པ།།བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག།བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ།།འཇིག་རྟེན་གསུམ
iiif viewer powered by OpenSeadragon
238b - 239b