e-texts navigator
Collection
Volume
Page
Wylie

229a1 འདིར་དགེ་བར་ཤོག།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ།།དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག།ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ།།དགེ་འདུན་ཕྱག་འཚལ
229a2 དེད་འདིར་དགེ་བར་ཤོག།འབྱུང་པོ་གང་དག་འདྲིར་ནི་ལྷག་གྱུར་ཏེ།།ས་འམ་འོན་ཏེ་བར་སྣང་འཁོད་པ་དག།སྐྱེས་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག།ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད
229a3 པར་ཤོག།འདི་ནི་རྒྱལ་བ་དག་རྒྱལ་བདེན་གང་གིས།།ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ།།བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག།དོ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག།སངྱས
229a4 ཀུན་གྱི་གཟི་བརྗིད་དང་།།རང་རྒྱལ་དག་གི་གཟི་བརྗིད་དང་།།དགྲ་བཅོམ་དག་གི་མཐུ་དག་དྲུང་།།གསང་སྔགས་འཛིན་པ་ཐམས་ཅད་དང་།།ཤཱ་རིའི་བུ་ཡིས་ཤེས་རབ་དང་།།མཽད་གོ
229a5 བུ་ཡི་རྫུ་འཕྲུལ་དང་།།མ་འགགས་པ་ཡི་མིག་དང་ནི།།འོད་སྲུང་སྦྱངས་པའི་སྟོན་དང་།།ཀཽ་ཌི་ཪྵའི་སྔར་ཐོས་དང་།།ཀུན་དགའ་བོ་ཡི་ཐོས་པ་དང་།།ཚངས་པ་ཡི་ནི་བྱམས་པ་དང་།
229a6 བརྒྱ་བྱིན་གྱིས་ནི་དབང་རྣམས་དང་།།འཇིག་རྟེན་སྒྲེང་བའི་ཡུལ་རྣམས་དང་།།དབང་ཕྱུག་ཆེན་པོའི་སྟོབས་དག་དང་།སྡེ་དཔོན་རྣམས་ཀྱི་མཐུ་དག་དང་།།འཕྲོག་མོའི་གཟི་བརྗིད
229a7 འབྱ་བོ་དང་།།དེ་དག་རྣམས་ཀྱི་མཐུ་དང་གཟིས།།བདག་གི་དུག་ནི་དུག་མང་ཤིག།སྣང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་རྫོགས།




iiif viewer powered by OpenSeadragon

228b - 229b

Texts on this page

N729 - stong chen mo rab tu 'joms pa las gsungs pa'i smon lam
N730 - rig sngags kyi rgyal mo rma bya chen mo las gsungs ba'i smon lam dang bden tshig