| | e-texts navigator
|
228b1 བུར་བྱས་ནའང་འཆབ་པར་མི་བྱེད་པ།།དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད།།དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།།བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག།ཅི་ལྟར་དབང་པོའི་སྡང་།
228b2 པོ་ས་རོ་བཙུགས་པ།།ཕྱོགས་བཞིའི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར།།འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི།།གང་ཟག་འཕགས་པའི་དགེ་འདུན་དེ་བཞིན།།དེས་ན་དགེ་འདུན་རིན་ཆེ།།
228b3 མཆོག་ཏུ་གསུངས།།བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག།ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡི།།འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་།།ལུས་ཀྱང་སྦྱིན་པར་ཡིད་ལ་བྱས
228b4 པ་ནི།།དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར།།དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།།བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག།ཅི་ལྟར་མེ་ནི་རླུང་གི་རབ་གཏོར་བ།།ལག་ཏུ
228b5 བླངས་ཏེ་འགྲང་དུ་མེད་པ་ཉིད།།དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བ།།སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོད།།དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས།།བདེན་པ་དེ་ཡིས་འདར
228b6 ནི་དགེ་བར་ཤོག།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ།།དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག།སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ།།སངས་རྒྱས་ཕྱག་འཚལ་དང་འདིར
228b7 དགེ་བར་ཤོག།སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ།།དེ་དག་ཐམས་ཅད་འདིར་ནི་འདིར་གྱུར་ཅིག།ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ།།ཆོས་ལོ་ཕྱག་འཚལ་དང་།
iiif viewer powered by OpenSeadragon
228a - 229a