e-texts navigator
Collection
Volume
Page
Wylie

192a1 བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ།བདག་གིས་ཀྱང་བསྐྱོད་ནམས་དེ་དག་ཐམས་ཅད་ཐུན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡུའོ།།ཡང
192a2 སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས།ཆོས་ཀྱི་འཁོར་ལོ་ཆེན་པོ་ནི་བསྐོར།བདུད་ཀྱི་སྡེ་རྣམས་ནི་ཕམ་པར་བྱས་ནས།
192a3 མྱ་ངན་ལས་འདའ་བར་གཤེགས་པར་དགོངས་པ་ལ།སེམས་ཅན་ཐམས་ཅད་ལ་ཕན་པ་དང་།བདེ་བའི་ཕྱིར་བསྐལ་པ་ཆེན་པོ་གཅིག་ཆང་བར་བཞུགས་པར་གསོལ་ཞེས
192a4 གསོལ་བ་བཏབ་བོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།སེམས་ཅན་ཐམས་ཅད་ཀྱིས་བསོད་ནམས་ཅི་བསྒྲུབས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡཱི་རང་ངོ་།།
192a5 དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས།སྡིག་པ་དང་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བཤགས་པ་དེ་བཞིན
192a6 བདག་གིས་ཀྱང་ལས་ཀྱི་སྒྲིབ་པ་བཤིག་སྲ་ཤིང་ཡོངས་སུ་སྦྱོང་ངོ་།།དེ་བཞིན་དུ་མཆོད་པ་དང་།བཤགས་པ་ལ་སོགས་པ་བྱསྱཱ་ནཱས།སངས
192a7 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་དམིགས་པའི་སྤྱན་སྔར་གསང་སྔགས་འདི་བཻརྒྱ་རྩ་བརྒྱད་བཟླས་སོ།།།ོཾ་སཾ་བྷ་ར་སཾ་བྷ་ར




iiif viewer powered by OpenSeadragon

191b - 192b

Texts on this page

N725 - 'phags pa yongs su bsngo ba'i 'khor lo zhes bya ba theg pa chen po'i mdo