e-texts navigator
Collection
Volume
Page
Wylie

4a1 ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ལ་སོ་སོར་གནས་པ་རྣམས་ཀྱི་ཐབས་གཅིག་ཏུ་བཞུགས་པ་དེ་འོད་ཟེར
4a2 གྱི་སྣང་བ་མཐོང་བས་ཅུང་ཟད་རབ་ཏུ་བཞད་པའི་ཞལ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་བཀའ་སྩལ་ཏེ།།ཀྱེ་རྒྱལ་བའི་སྲས་རྣམས་འདི་ནི་བདག་ཅག
4a3 རྣམས་ཀུན་ཏུ་བསྐུལ་བར་བྱེད་པའི་འོད་ཟེར་འདིར་འོངས་པ་ཡིན་པར་ཁྱེད་ཅག་གིས་ཤེས་པར་གྱིས་ཤིག།དེ་ནས་ཡང་སེམས་དཔའ་ཆེན་པོ་དེ་རྣམས་སྤྱན་འཛུམ་པ
4a4 སྤྱན་གདངས་ནས།འདིའི་འོད་ཟེར་གྱི་སྣང་བ་གང་ཡིན་པ་དེར་མངོན་པར་ཕྱོགས་ཏེ་ག་ནསོ་དེ་ནས་ཀུན་ཏུ་བསྐུལ་བར་བྱེད་པའི་འོད་ཟེར་དེས་བདེ་བ་ཅན་གྱི་འཇིག་རྟེན
4a5 གྱི་ཁམས་ཆེན་པོ་ཀུན་ཏུ་སྣང་བས་ཀུན་ཏུ་སྣང་བར་བྱས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་ལན་གསུམ་བསྐོར་བ་བྱས་ནས་བྱང་ཆུབ
4a6 སེམས་དཔའ་སེམས་དཔའི་ཆེན་པོ་སྤྱན་རིས་གཟིགས་ཀྱི་ཡེ་ཤེས་ཀྱི་སྤྱི་བོར་ནུབ་པར་གྱུར་ཏོ།།དེ་ནས་སེམས་དཔའ་ཆེན་པོ་དོ་སྟན་ལས་ལོངས་ནས།བཅོམ
4a7 ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ལན་གསུམ་བསྐོར་བ་བྱས་ནས་མགོ་བོས་རབ་ཏུ་ཕྱག་འཚལ་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས




iiif viewer powered by OpenSeadragon

3b - 4b

Texts on this page

N671 - ral pa gyen brdzes kyi rtog pa chen po