| | e-texts navigator
|
491b1 ཀུ་མུ་ད་དང་།པུཎྜ་རི་ཀ་དང་།ུད་པ་ལ་མཐིང་ཀ་དང་།སོའུ་གན་ཏི་དང་།བར་ཤི་ཀ་དང་།ཙམ་པ་ཀ་དང་མནུ་རཱ་བ་དང་།མན་དར་བ་ལྔ་སོགས་པའི་མེ་ཏོག་ཐོགས་ནས་བཅོམ་ལྡན་འདས་ལ།
491b2 མཆོད་དེ།བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་གནོད་སྦྱིན་གྲངས་མེད་པའི་ཁོར་ཆེན་པོ་འདུས་པར་གྱུར་ཏོ།།
491b3 ཤ་ཆེན་པོ་ཟ་བ་དང་།མེའི་ལུས་ཟ་བའི་གནོད་སྦྱིན་དང་།འབར་བ་དང་།སྣ་ཚོགས་ཀྱི་གཟུགས་འཛིན་པ་མང་པོ་འདུས་ཏེ།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།འབར་བ་དང་།ལྷ་མ་ཡིན་དང་།
491b4 ན་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།མི་དང་མི་མ་ཡིན་པ་སྣ་ཚོགས་པ་འདུས་པར་གྱུར་ཏོ།།བཅོམ་ལྡན་འདས་རིགས་འཛིན་ཆེན་པོའི་འཁོར་དང་།དྲང་སྲོང
491b5 ཆེན་པོའི་ཚོགས་ཀྱི་འཁོར་དེ་དག་ཀྱང་འདུས་པར་གྱུར།བྱང་ཆུབ་སེམས་དཔའི་ཚོགས་མང་པོ་ཡང་ལྷགས་ཏེ།ཐོག་མའི་ངོ་མཚར་བརྗིད་པར་མཐོང་ངོ་།།བཅོམ་ལྡན་འདས
491b6 གང་རིག་པ་བཤད་པར་དགོངས་པ་དེ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།བདེ་བར་གཤེགས་པ་དུས་འདི་ཡི་ཚེ་བཤད་དུ་གསོལ།དེ་ནས་བཅོམ་ལྡན་འདས་ཀྱིས་ངལ
491b7 བསོ་པོའི་རྒྱལ་པོ་ཆེན་པོ་ལ་དབུགས་ཕྱུང་ནས་གནོད་སྦྱིན་འདུལ་བ་ཀུན་ཏུ་འབར་བའི་འོད་ཟེར་ཆེན་པོ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགསོ།།བཅོམ
iiif viewer powered by OpenSeadragon
491a - 492a