e-texts navigator
Collection
Volume
Page
Wylie

490a1 །།རྒྱ་གར་སྐད་དུ།མཱཧཱ་ཡཀྵ་སོ་ན་པཏྟ་ཡཻ་ནཱ་ར་ཀུ་པཱ་ར་ཀཀྵྨ།ཁྱོད་སྐད་དུ།གནོད་སྦྱིན་གྱི་སྟེ་དཔོན་ཆེན་བྷོ་གར་མཁན་མཆོག་གི
490a2 བརྟག་པ།དཀོན་མཆོག་གསུམ་ལེ་ཕྱག་འཚའོ།།དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།།ག་ནི་དེ་སྦྱིན་བདེ་ག་པོ་ཉི་མ་འབུམ་གྱི་གཟི།།འོད་ཟེར་དཔག
490a3 མེད་སྡང་བ་འདུལ་མཛད་པ།།ཐུགས་རྗེའི་བདག་ཉིད་འགྲོ་དོན་མོ་ལུས་མཛད།།བདུད་བཞི་འཇོམས་མཛད་ལོ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག
490a4 ནཱན།བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་ན།རྒྱལ་པོ་རྣམ་ཐོས་ཀྱི་བུའི་གནས་ན་བཞུགས་ཏེ།གྲངས་མེད་པའི་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ
490a5 ཡིན་དང་།ན་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།བརྒྱ་བྱིན་དང་།ཚངས་པ་དང་།འཇིག་རྟེན་སྐྱོང་བ་དང་།མཐུ་བོ་ཆེ་དང་།ལྷ་ཆེན་པོ་དང་།ནོར་བུ
490a6 བཟང་པོ་དང་།གང་བ་བཟང་པོ་དང་།སྟོབས་ཀྱི་ལྷ་དང་།སྟོབས་ཆེན་པོའི་སྟོབས་དང་།དགའ་བའི་དབང་པོ་དང་།ནག་པོ་ཆེན་པོ་དང་།བེ་ཤྭ་ར་དང་།མ་མོའི་ཚོགས
490a7 དང་།གསང་བ་ལ་གནས་པ་དང་།གྲུ་བཞིའི་རིན་གནས་པ་དང་།འབོད་སྒྲོགས་དང་།རྣམ་པར་འབོད་སྒྲོགས་དང་།རྣམ་པར་འཇིགས་བྱེད་དང་།རིན་ཆེན་གསང་བ




iiif viewer powered by OpenSeadragon

489'b - 490b

Texts on this page

N667 - gnod sbyin gyi sde dpon chen po gar mkhan mchog gi brtag pa