e-texts navigator
Collection
Volume
Page
Wylie

9b1 ཨ་ག་རུའི་བདུག་སྤོས་དང་།ཐལ་བ་དང་།ཆུ་དང་།ཡུངས་ཀར་དང་།སེང་ལྡེང་གི་ཕུར་བུ་ལ་སོགས་པས་མཚམས་བཅིང་ངོ་།།རིམས་ནད་ཐམས་ཅད་ལ་སྲུང་སྐུང་བཅིང་བར།
9b2 བྱའོ།།ནད་ཐམས་ཅད་ལ་མ་ར་རམ།མར་ནག་གམ།ཆུ་ལ་ཡོངསུ་བཟླས་ཏེ་སྦྱིན་པར་བྱའོ།།ལུས་ལས་ཁྱབ་པའི་ནད་ལ་མཚོན་ཆས་བཅད་ཅིང་སྲུང་སྐུད་ཀྱང་བྱའོ།།ལྗོན
9b3 བོ་ལ་ཆ་ཆུས་ཉམས་པར་བྱེད་པ་འམ།འཇིམ་བག་གམ།ཆུས་ཀྱང་བྱའོ།།མིག་གི་ནད་ལ་སྐུད་པ་དཀོར་པོ་རྣ་བ་ལ་བཅིང་བར་བྱའོ།།སོའི་ནདཱ་ལ་ཀ་ར་བི་རོའི་སོ་ཤིང
9b4 གིསོ།།མཚམས་བཅིང་བ་ལ་ནི་ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངསུ་བཟླས་ནས་སེང་ལྡེང་གི་ཕུར་བུ་བཞི་ལ་བཅིངས་ཏེ་ཕྱོགས་བཞིར
9b5 གདབ་པར་བྱས་ན་མཚམས་བཅིངས་པ་ཡིན་ནོ།།ཐམས་ཅད་དུ་སྲུང་སྐུད་དམ།།ཆུ་འམ།ཐལ་བས་བྱའོ།།བཟའ་ཐམས་ཅད་ལ་ཚོན་སྣ་ལྔའི་སྐུད་པས་བྱའོ།།
9b6 རིམས་ཐམས་ཅད་ལ་སྐུད་པ་དཀར་པོས་བྱའོ།།སྦྲུལ་དང་།སྲིན་བུ་དང་།བ་སྥུ་བྱི་བ་དང་།ལྷོག་པ་དང་།གྲེ་བ་འགགས་པ་རྣམས་ལ་སྤྲིང་རྩི་པོ་པི་ལིང་དང་ལྡན།།
9b7 པས་བྱའོ།།མིག་གི་ནད་ལ་དྲི་ཞིམ་པོའི་ཆུའམ།རྒྱ་སྐྱེགས་ཀྱི་ཆུའམ།སྦྲང་རྩིའམོ།ཤིང་མངར་གྱིས་བྱའོ།།རྩོད་པའི་དུས་ཐམས་ཅད་དུ་རྩོད་པ་དང་།མི་སྙན་པར་བརྗོད་པ་ལ




iiif viewer powered by OpenSeadragon

9a - 10a

Texts on this page

N644 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo