| | e-texts navigator
|
79a1 དངོས་གྲུབ་སྦྱིན་མཛད་པ།།གྲུབ་པའི་རྡོ་རྗེ་ཁྲོ་བོ་ཆེ།།ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག།དེ་ནས་དཔལ་ཁྲོ་བོ་ཆེན་པོ་ལྷ་ཉིད་དམ་ཚིག་ལ་བཞུགས་ཤིག
79a2 ཅེས་བརྗོད་དོ།།དེའི་འོག་ཏུ་དཔལ་ཁྲོ་བོ་ཆེན་པོའི་ཕྱག་རྒྱ་བཅིངས་ཏི་གཞུག་ཅིང་འདི་སྐད་ཅེས་བརྗོད་དེ།།ཧཱུཾ་བཛྲ་ཕཊ།འདི་སྐད་བརྗིད་པཙམ་གྱིས་བདག་ཉིད་ཁྲོ་བོ་འཇུག་གོ།།དེ་ནས
79a3 སློབ་མ་གཞུག་པར་བྱ་སྟེ།།རས་སྔོན་པོས་གདོང་གཡོགས་ནས་ཁྲོ་བོའི་ཕྱག་རྒྱ་སྤྱི་བོརརེ་བཞག་སྟེ།རྡོ་རྗེའི་ཆུ་ཁར་སྦྱིན་པར་བྱའོ།།ོཾ་ཏིཥྛ་ཏིཥྛ་སིདྡྷི་ཧཱུཾ་ཧཱུཾ་འདིས་སྦྱིན་པར་བྱའོ།།ོཾ
79a4 པྲ་བྱེ་ཤ་ཀྲོ་དྷ་ཏཱ་ཧཱུཾ་ཧཱུཾ་ཨོཾ།འདི་དང་ཁྲོ་བོ་དབབ་པའི་ཕྱག་རྒྱས་དབབ་པར་བྱ་སྟེ།ཡི་གེ་ཧཱུ~ཾ་གིས་རི་རབ་ཀྱི་སྟེང་ན་འདུག་པ་ཡང་འོ་བྱེབས་ཤིང་འདས་པ་དང་།མ་འངས་པ་དང་།ད་ལྟར་འབྱུང་བ
79a5 ཡོད་སྨྲ་བར་བྱེད་དོ།།དེ་ནས་མེ་ཏོག་དོར་བར་བྱས་ནས་དེའི་འོག་ཏུ་གདོང་གཡོགས་བཀྲོལ་ཏེ་ལྷའི་རིགས་པ་སྟོན་ཅིང་མིང་གི་དབང་བསྐུར་ཏེ་མཆོད་པར་བྱ་ཞིང་།ཕྱག་རྒྱ་དང་སྔགས
79a6 ཀྱིས་བསློབ་པར་བྱའོ།།འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་ལེའུ་རྫོགསོ།།།།དེ་ནས་འདིར་འབྱུང་པོ་འདུལ་པོའི་རྒྱུད་ཆེན་པོ་ལས་ཆོ་ག་རྒྱས
79a7 པར་བཤད་པ།དང་པོར་ཤིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ།དེ་དག་གི་དབུས་སུ་ཡི་གེ་ཧཱུཾ་འབར་བའི་ཕྲེང་བ་འཁྲུགས་པ་བསམས་ཏེ།སྔགས་འདི
iiif viewer powered by OpenSeadragon
78b - 79b