e-texts navigator
Collection
Volume
Page
Wylie

78b1 རྒྱུས་རྒྱན་པ་ཡི།།ལ་ཀ་ན་མར་མེ་ཐོགས་པར་ནི།།ཟླ་བའི་ལྷ་མོ་བྲི་བར་བྱ།།ལྷ་ཡི་རྣ་ཆས་རྒྱན་པ་ཡི།།ལག་ན་ལྷ་ཡི་དྲི་ཐོགས་པ།།རིན་ཆེན་རྒྱན་གྱིས་བརྒྱན་པ་ཡི།།ལྷ་མོ་མེ་ཡི་གྲ་རུ།
78b2 བྱི།།ཀླུ་དང་སྙན་ངགས་མང་སྨྲ་བའི།།ཚིག་དབང་ལྷ་མོ་སྲིན་པོར་བྲི།།གནོད་སྦྱིན་ཀུན་གྱི་དབང་ཕྱུག་མ།།སྡུག་གུ་མཛེས་མ་ཞེས་གྲགས་པ།།ལག་ནཱ་རོན་ཆེན་ཕྲེང་ཐོགས་པ།།རླུང
78b3 གཱ་གྲཱར་ནི་བྲི་བར་བྱ།།འབྱུང་པོ་ཀུན་གྱི་དབང་ཕྱུག་རྒྱས།།མི་དབྱུང་ཞེས་བྱའོ་འབྱུང་མོ་ནི།།རྒྱན་རྣམས་ཀུན་གྱིས་བརྒྱན་པ་རུ།།དབང་ལྡན་གྲ་རུ་བྲེ་བར་བྱ།།བཞིན་བཟང་མིག
78b4 གི་དཀྱུས་རིང་ཞིང་།།གཟུགས་དང་ལང་ཆོས་རྒྱན་པ་ལ།།མདོག་ནི་གསེར་དང་འདྲ་བ་སྟེ།།སྐྲ་ནི་མཐོན་མཐིང་འཁྱིལ་བ་ལ།།ཡན་ལག་ཀུན་མཛེས་ལྷ་མོ་ནི།།སྒྲུབ་པའི་རིགས་ལ
78b5 དགའ་རྣམསོ།།བརྒྱ་བྱིན་ཤར་དུ་བྲི་བྱ་སྟེ།།མེ་ནི་མེ་རུ་ལགས་པ་ར་བྲི།།ལྷོར་ནི་གཤིན་རྗེའི་རྒྱལ་པོ་སྟེ།།སྲིན་པོའི་བདག་པོ་བདེན་བྲལ་དུ།།ནུབ་ཏུ་ཆུ་ཡི་རྒྱལ་པོའོ།།རླུང་དུ་རླུང
78b6 གི་ལྷ་ཉིད་དོ།།བྱང་དུ་ལུས་ངན་རྒྱལ་པོ་བདག།དབང་ལྡན་ཟླ་བ་བྲི་བྱེ་སྟེ།།རང་རང་གནསུ་དགོད་པར་བྱ།།དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བཤད་པར་བྱ་སྟེ།རྡོ་རྗེ་སློབ
78b7 དཔོན་བདག་ཉིད་གཙུག་ཏོར་སྔོན་པོ་བཅིངས་ཏེ།རས་སྔོན་པོ་ཟུང་ཅིག་བགོས་ནས་རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་དོ།།སེམས་ཅན་ཀུན་ལ་ཕན་དོན་དུ།།མྱུར་དུ




iiif viewer powered by OpenSeadragon

78a - 79a

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po