e-texts navigator
Collection
Volume
Page
Wylie

78a1 ལེགས་པར་བཞུགས།།ཉི་མ་བྱེ་བའི་གཟི་ལྡན་ལ།།གཞན་གྱིས་མི་ཐུབ་ཞབས་ཀྱིས་མནན།།ཕྱག་རྒྱ་བཅིང་བསྡུ་བཞུགས་པ་སྟེ།།སྤྲིན་ལག་གཉིས་ནི་མཁྱུད།།
78a2 ནས་སུ།།མཛུབ་མ་གཉིས་ནི་བཀུག་བྱས་ཏེ།།མཐེའུ་ཆུང་དང་ནཱི་གུང་མོ་དག།མཐེ་བོ་ཡིས་ན་མནན་བྱས་པ།།དཔལ་ལྡན་འདི་འདྲའི་རྒྱ་འཛིན་ཅིང་།།འཇིག་རྟེན་གསུམ་གྱི་འབྱོར
78a3 འགྲུབ་པའོ།།ཁྲོ་བོའི་མདུན་དུ་ཨུ་མ་ཡི།།བདག་པོ་ཡང་དག་བྲི་བར་བྱ།།ལྷོ་རུ་ཁྱབ་འཇུག་བྲི་བ་ར་བྱ།།ནུབ་ཏུ་ཚངས་པ་ལྷ་ཉིད་དོ།།བྱང་དུ་བདག་པོ་སྨིན་དྲུག་གོ།དབང་ལྡན
78a4 དུ་ནི་ཚོགས་བདག་པོ།།འོད་ཟེར་སྟོང་གིས་མཛེས་པ་ནི།།མེ་ཡི་གྲང་ནཽ་བེ་བར་བྱ།།སྒྲ་གཅན་བདེན་བྲལ་གྲྀ་རུ་བྲི།།དགའ་བའི་དབང་ཕྱུག་རླུང་གི་གྲཱ་ར།།ག་སེར་གྱི་ཁ་དོག་ལྟ
78a5 བུའི་ལུས།།རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།།ཅུང་ཟད་དགེད་ཅིང་ཆགས་པ་ཡིས།།བཅོམ་ལྡན་འདས་ལ་བལྟ་བ་ཡི།།མཆོད་པའི་ལྷ་མོ་གནས་པ་རྣམས།།དཀྱིལ
78a6 འཁོར་ཕྱི་རོལ་བྱ་བྱ་སྟེ།།ཁྲོ་བོ་ཡི་ནི་གཡོན་ལོག་སུ།།ལྷ་མོ་ཨུམ་བྲི་བར་བྱ།།ཁྲོ་བོ་ཡི་ནི་མདུན་ཉིད་དུ།།དཔལ་གྱི་ལྷ་མོ་བྲི་བར་བྱ།།ལག་པ་མེ་ཏོག་ཐོགས་པའོ།།
78a7 བོ་ཡི་ནཽ་གཡས་ལོགསུ།།རྒྱན་ཀུན་གྱིས་ན་བརྒྱན་བྱས་ཤིང་།།ལག་པ་ནི་ནི་སྤོས་ཐོགས་པའི།།ཐིག་ལེ་མཆོག་ནི་ལེགས་པར་བྲྀ།།ཁྲོ་བོ་ཡི་ནི་རྒྱབ་ཀྱི་ཆར།།ལྷ་ཡི་རྣ




iiif viewer powered by OpenSeadragon

77b - 78b

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po