e-texts navigator
Collection
Volume
Page
Wylie

77b1 ཅད་སོལ་བ།གདོན་ཐམས་ཅད་དང་།རོ་ལངས་དང་།ལུས་སྲུལ་པོ་རྣམས་གསོད་པ།དཀྱིལ་འཁོར་གསང་ཆེན་ཐམས་ཅད་འགྲུབ་པར་བྱེད་པ་བྱ་ཤད་དུ་གསོལ།དེ་ནས་འཁོར་བྱ
77b2 དཀྱིལ་འཁར་དེར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་འབྱུང་པོའི་དབང་ཕྱུག་ལྷོ་ཆེན་པོ་ལ་ལེག་སོ་ཞེས་བྱ་བ་བྱིན་ཏེ།ལེགས
77b3 ལེགསོ།།ལྷ་ཆེན་པོ་མ་འོངས་པའི་དུས་ན་འཛམ་བུའི་གླིང་གི་མི་རྣམས་ལ་ཕན་པའི་དོན་དུ་འབྱུང་པོ་ཐམས་ཅད་དང་།ཀླུ་དང་།གནོད་སྦྱིན་དང་།མེ་འམ་ཅི་རྣམསོ་བྲ་ན་མིར་སྒྲུབ་པའི
77b4 ཐབས་ཁྲོ་བོའི་བདག་པོ་ཆེན་པོས་གསུངས་ཤིག།དེ་ནས་འདིར་ནི་བཤད་བྱ་བ།།དཀྱིལ་འཁོར་ཆེན་པོས་དམ་པ་སྟེ།།གྲུ་བཞི་པ་ལོ་སྒོ་བཞི་པ།།རྟ་བབས་དག་ནི་བཞིས་བརྒྱན
77b5 ཅིང་།།ཆ་རྣམས་བཅུ་དྲུག་དག་དང་ལྡན།།རྡོ་རྗེ་ར་བས་མཛེས་བྱ་བ།།དེ་དབུས་དགོད་བྱ་དྲག་པོ་སྟེ།།འབར་བའི་ཕྲེང་བ་ཡང་དག་འཁྲུག།ཁྲོ་བོ་ཆེན་པོ་ཕྱག་བཞི་པ།།མིག་སྨན་སྦྱངས
77b6 བའི་འོད་འདྲ་ཞིང་།།ཕྱག་གཡས་ཀྱིས་ནི་རྡོ་རྗེ་གསོར།།གཡོན་པའི་ཕྱག་གིས་བསྡོགས་མཛུབ་མཛད།།ཞལ་གྱི་མཆེ་བ་གཙིགས་པ་སྟེ།།སྦྲུལ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན
77b7 ཐོང་བའི་ཕྲེང་བའི་ཅོད་པན་ཅན།།འཇིག་རྟེན་གསུམ་ཡང་འཇིགས་བྱེད་ཅིང་།།སྒྲ་ཆེར་དྲག་ཏུ་བཞད་མཛད་ལ།།འཇིག་རྟེན་གསུམ་པོའི་བདག་པོ་སྟེ།གཡོན་བརྐྱང་བ་ཡིས།




iiif viewer powered by OpenSeadragon

77a - 78a

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po