e-texts navigator
Collection
Volume
Page
Wylie

77a1 མཚན་མོ་དུར་ཁྲོད་དུ་སོང་ནས་བརྒྱ་རྩ་བརྒྱད་བཟླས་ན།ཤ་ཐམས་ཅད་བཙོང་བའི་ལས་འགྲུབ་པར་འགྱུ་རོ།།མཚན་མོ་དུར་ཁྲོད་དུ་སོང་ནས་ཤ་སྲང་བརྒྱད
77a2 ཁྱེར་ནས་ཕྱོགས་བཞིར་རྣམ་པར་བལྟས་ཏེ།ཀྱེ་ཀྱེ་དུར་ཁྲོད་ན་གནས་པོའི་འབྱུང་མོ་རྣམས་ཤ་ཉོ་འམ་ཞེས་བོས་ནས་དམ་ཟེའི་གཟུགས་ཀྱི་མདུན་དུ་འདག་སྟེ།ཀྱེ་སྐྱེས་བུ་ཆེན་པོ
77a3 ཙོ་བཞེད་ཅེས་སྨྲ་ན།སྒྲུབ་པ་པོ་ཡིས་གསེར་འདོད་དོ་ཞེས་སྨྲ་སྟེ།གསེར་སྲང་བརྒྱ་སྟེར་བར་བྱེད་དོ།།དེ་ནས་ཤ་སྦྱིན་ཏེ།གྲལ་ཏེ་མི་འདོད་ན་མིག་དང་སྤྱི་བོ་འགས་པོ་འམ་འཆི་བར
77a4 འགྱུ་རོ།།དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་རིག་འཛིན་བྱེ་བ་དུ་མས་ཡོངསུ་བསྐོར་ཏེ།།ལྷོའི་བུ་མོ་དུ་མ་དང་།གནོད་སྦྱིན་དང་།ཀླུ་དང་།མི་འམ་ཙི་དང་།ལྟོ་འཕྱེ་ཆེན་པོ་ཁྲི
77a5 བརྒྱད་སྟོང་དུ་མ་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་ཚོན་པོ་དེར་དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ།ཞབས་ལ་མགོ་བོས་པག
77a6 འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་མི་ཕྱེད་པར་བསྟན་པ།ཁམས་གསུམ་པའི་རྒྱལ་པོ
77a7 ཆེན་པོ་འབྱུང་པོ་དང་།ཀླུ་དང་།གནོད་སྦྱིན་དང་།རིག་འཛིན་རྣམས་འཇིག་པར་བྱེད་པ།བགེགས་ཐམས་ཅད་འཇོམས་པ།སྡུག་བསྔལ་བ་དང་།ཉོན་མོངས་པོ་ཐམས




iiif viewer powered by OpenSeadragon

76b - 77b

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po