e-texts navigator
Collection
Volume
Page
Wylie

76b1 མེམིའི་རྒྱལ་མོ་ལཥྚོར་ལྔ་བརྒྱའི་རྐང་གདུབ་ཀྱི་སྒྲ་ཆེན་པོས་མྱུར་དུ་འོང་ངོ་།།འོངས་པ་ལ་མེ་ཏོག་གོ་མཆོད་ཡོན་བྱིན་ན།མཱ་དང་སྲོད་མོ་དང་ཆུང་མར་འགྱུརརོ།།གལ་ཏེ་མར་གྱུར་ན་སེམས
76b2 སུན་འབྱུང་བར་མི་བྱ་སྟེ།ལྷས་འདོད་པའི་བཟའ་བ་སྟེར་ཞིང་གསེར་སྲང་འབུམ་སྟེར་རོ།།གལ་ཏེ་སྲིང་མོར་གྱུར་ན་ནི་རྒྱལ་སྲིད་སྟེར་ཞིང་དཔག་ཚིང་སྟོང་ནས་ཀྱང་བུད་མེད་བླངས
76b3 ནས་སྟིར་རོ།།གལ་ཏེ་ཆུང་མར་གྱུར་ན་ནི་བུད་མེད་མཛེས་མ་ལྟ་བུས་ལུས་ཀྱི་ལོངས་སྤྱོད་སྟེར་ཞིང་རོ་བ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་དོ།།ལོ་ཁྲི་འཚོ་ཞིང་གང་གི་ཚེ་འཆི་བ
76b4 ནཱ་རྒྱལ་རིགསུ་སྐྱེ་བར་བྱེད་དོ།།དེ་ནས་ཟླ་བ་ཉ་བ་ལ་ཁྲི་བཟླས་པ་བྱས་ནས་མཚན་མོ་ལྷོ་ཁང་དུ་སོང་སྟེ།།མཆོད་པ་རྒྱས་པར་བྱས་ནས་མཚོན་ཐོག་ཐག་བཟླས་ན་ཐོ་རངས་ངེས་པར
76b5 འོང་ངོ་།།འོངས་པ་ལ་ཁྲོག་གི་མཆོད་ཡིན་བྱིནུ་ན་དགའ་བར་འགྱུར་ཞིང་མངག་གཞུག་པར་འབྱོ་རོ།།ཉི་མ་རེ་རེ་དང་ཙེ་ལྔ་ལྔ་སྟེར་ཞིང་ལྷའི་འདོད་པའི་བཟའ་བ་སྟེར་རོ།།ལོ་ལྔ་བརྒྱ
76b6 འཚོ་བར་འགྱུར།།འདི་ནྟི་ཀ་ཏ་ཡ་ན་བརྒྱད་ཀྱི་ཆོ་ག་རྒྱས་པའི་ལེའུའོ།།།།དེ་ནས་རྣམ་པར་བཤད་པར་བྱ།།འབྱུང་པོ་འདུལ་བའི་རྒྱུད་ཆེན་གྱི།།བྲན་པོ་དང་ནི་བྱིན་མོ་དག།སྒྲུབ
76b7 བར་བྱེད་པའི་ཆོ་གའོ།།ོཾ་རཱ་ཧུ་རཱ་ཧུ་མ་ཧཱ་ཙ་ཏུ་ཀ་ནནྡ་རི་དྷ་ནན་ཧི་ཏ་ཧ་ར་ཐཱ་ཡ།ོཾ་ཧྲ་ཏྲ་ཧྲ་ཏྲ་ཧྲ།གྲྀཧྞ་གྲྀཧྞ།མཱཾ་ས་སིདྡྷིམྨེ་པྲ་ཡེཙྪ་སྭཱ་ཧཱུ~ཾ།།ར་སྐྱེས་ནག་པོའི་ཤ་བཅིང་བའི་སྔགས་ཏེ།




iiif viewer powered by OpenSeadragon

76a - 77a

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po