| | e-texts navigator
|
76a1 ཆུང་མར་འགྱུརརོ།།དེ་བཞིན་དུ་ཉི་མ་བརྒྱད་པ་ལ་སྔ་སུ་མནྟལ་བྱས་ལ་གུ་གུལ་གྱི་བདུག་པ་བྱིན་ཏེ།སྟོང་ཕྲག་བརྒྱད་བཟླས་ན་འབྱུང་མོའི་བུ་མོའི་གཟུགས་ཀྱིས
76a2 ཁྱིམ་དང་བཅས་ནས་འོངས་ཏེ་འོངས་པ་ལ་ཆགས་པ་བྱས་ན་ཆུང་མ་རེ་འགྱུརརོ།།ལྷའི་མུ་ཏི་གི་གི་དོ་ཤལ་མལ་དུ་བོར་ནས་ཐོ་རངས་ཀྱིས་འགྲོ་སྟེ།དེས་ཀྱང་མུ་ཏིག་གི་དོ་ཤལ་བླང
76a3 བོར་བྱའོ།།བླངས་པ་ཙམ་གྱིས་དོང་ཚེ་ཉི་ཤུ་རྩ་ལྔ་ད་རས་ཟུང་གཅིག་སྟེར་རོ།།དགུ་ཐམས་ཅད་འཇོམས་པར་བྱེད་ཅིང་ཚེ་ལོ་སྟོང་ཐུབ་པར་འགྱུར་ཏེ།ཤི་ནས་རྒྱལ་རིགས་སུ
76a4 སྐྱེའོ།།ལྷ་ཁང་སྟོང་པར་སྤོང་ནས་མཚན་མོ་བརྒྱད་སྟོང་ཟླས་ན་ཉི་མ་གསུམ་ན་འབྱུང་མོ་རང་ཉིད་སྣང་བ་ཆེན་པོ་བྱསོ་ནས་འཁོར་བརྒྱད་བརྒྱས་ཡོངསུ་བསྐོར་ཏེ་ངེས་པར་འོང་ངོ་།།
76a5 འོངས་པ་ལ་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་འགྱུར་ཏེ།ཆུང་མར་འགྱུར་ལ།དངུལ་ཆུ་དང་།བཅུད་ཀྱིས་ལེན་དང་།རྫས་ཀྱིས་གྲུབ་པ་སྟེར་རོ།།འཁོར་བརྒྱད
76a6 བརྒྱ་གོས་དང་།རྒྱན་དང་བཟའ་བ་ལ་སོགས་པ་སྟེར་རོ།།ལོ་ལྔ་སྟོང་འཚོ་ཞིང་།གང་གི་ཚེ་འཆི་བ་ན་རྒྱལ་རིགས་སྐྱེའོ།།མཚན་མོ་རྒྱལ་པོའི་ཁབ་ཏུ་སོང་སྟེ།།སྟོང་ཕྲག་བརྒྱད
76a7 བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུརརོ།།ནུབ་སྔར་ཀ་ར་བོ་རའི་ཤིང་གིས་མེ་རབ་ཏུ་སྦར་ཏེ།མ་ལ་ཏིའི་མེ་ཏོག་ཞོ་མར་གྱིས་བྱུགས་ཏེ་བརྒྱད་བརྒྱ་བསྲེགས་ན།འབྱུ
iiif viewer powered by OpenSeadragon
75b - 76b