| | e-texts navigator
|
75b1 མ་ཅིག་ན་རྐང་གདུབ་ཀྱི་སྒྲ་ཐོས་སོ།།ཉི་མ་གཉིས་ན་བུད་མྱེད་བཟང་མོ་བདུན་དུ་འདུག་སྟེ།སེམས་སུན་མི་དབྱུང་ཞིང་སྨྲ་བར་ཡང་མི་བྱའོ།།ཉི་མ་གསུམ་པ་ལ་ཚིག་སྨྲ་བར་བྱེད་དེ།ཀྱེ
75b2 སྒྲུབ་པ་པོ་བཀའ་ཅི་སྩལ་ཞེས་སྨྲ་སྟེ།སྒྲུབ་པ་པོས་ཀྱེ་ལྷ་མོ་ཀྱེ་ལྷ་མོ་བསྙེན་བཀུར་གྱིས་ཤིག་ཅེས་སྨྲས་ན་ཇི་སྲིད་འཚོའི་བར་དུ་བསྐྱོན་བཀུར་མར་འགྱུ་རོ།།རྒྱབ་ཏུ་ཞོན་ན་རོ་རབ་དབང
75b3 རྒྱ་མཚོ་ལ་སོགས་པར་ཁྱེར་རོ།།གཞན་ཡང་ངལ་སོ་བའི་ཁྱིམ་དུ་སོང་སྟེ་འདུག་ན་རྫས་བླངས་ཏེ།།སྟེར་བར་བྱེད་དོ།།འཛམ་བུའི་གླིང་གི་ཁོངསུ་གཏོགས་པ་ན་གཟུགས་མཆོག་དང
75b4 ལྡན་པའི་བུ་མོ་བླངས་ནས་སྟེར་རོ།།དེ་ནས་འདོད་པར་བྱས་ནི་ལོ་ལྔ་བརྒྱ་མཚོ་ཞིང་ཤི་བ་ན་རྒྱལ་ཕྲན་གྱི་རིགས་སྐྱེའོ།།མཚན་མོ་ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་སྟོང་ཕྲག་བརྒྱད
75b5 བཟླས་ན་འབྱུང་མི་བུད་མེད་བཟང་མོའི་གཟུགས་ཅན་དུ་འཁོར་དང་བཅྡོཾསོ་ནས་འོང་སྟེ།འོངས་པ་ལ་འབོད་པར་མི་བྱ་ཞེང་སུན་དབྱུང་བར་མི་བྱ་སྟེ།མི་སྨེ་བར་གྱུར་པས་ཆགས་པ་སྤྱང
75b6 ན་ཉི་མ་རེ་རེ་རྟག་ཏུ་གནས་པར་འགྱུ་རོ།།དང་ཚེ་ལྔ་དང་རས་ཕྲུགས་ཅིག་སྟེར་རོ།།མཚན་མོ་སྐྱེད་མོས་ཚལ་དུ་སོང་སྟེ་བརྒྱད་སྟོང་བཟླས་ན་ཉི་མ་གསུམ་ནི་རྐང་གདུབ་ཀྱི་སྒྲ་ཐོས་སོ
75b7 ཉི་མ་བཞིན་འབྱུང་མོ་འོང་བ་མཐོང་ངོ་།།ཉི་མ་ལྡན་མདུན་ན་འདུག་གོ།།ཉི་མ་དྲུག་ན་དོང་ཚེ་ལྔ་སྟེརརོ།།ཉི་མ་བདུན་ནི་ཡང་འོང་སྟེ་ཁྱིམ་དང་བཅས་ནས་འོངས་པ་ལ་ཆགས་པ་བྱས་ནས
iiif viewer powered by OpenSeadragon
75a - 76a