| | e-texts navigator
|
73b1 ན་ལས་ཀྱི་ཤ་ཟ་མོ་ཇི་ལྟར་བསྟན་པའི་ལུས་ཐམས་ཅད་བྱེད་དོ།།མཚན་མོ་དུར་ཁྲོད་དུ་སྐྱོང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་ཤ་ཟ་མོ་ཉན་རྣམ་མྱུར་དུ་བཟང་མོའི་གཟུགས་ཀྱིས་འོང་སྟེ།
73b2 མངག་གཞུག་མར་འགྱུ་རོ།།ཁྱིམ་གྱི་ལེས་དང་།བྱ་བོ་དང་།ཤུགས་དང་།དྲག་པོའི་ལས་ལ་སོགས་པོ་བྱེད་དེ།།མཚན་མོ་དུར་ཁྲོད་དུ་ས་ང་ནས་སྟོང་ཕྲག་བརྒྱད་བཟླས་ནི་ཤ་ཟ
73b3 མོ་ཉན་རྣམ་འབྱུང་མོའི་འཁོར་ལཱྀ་བརྒྱས་ཡོངསུ་བསྐོར་ཏེ་མྱུར་དུ་འོང་ངོ་།།འོངས་པ་ལ་ཉ་དང་ཤ་ལས་བྱས་པའི་གཏོར་མ་དམར་པོ་བྱིན་ན་དགའ་བར་འགྱུ་རོ།།བྲན་གྱི་ལས་བྱེད
73b4 ཅིང་རས་ཟུང་ཅིག་དང་དོང་རྩེ་གཅིག་འབྲས་ཆན་དང་རྒྱན་ལ་སོགས་པ་སྒྲུབ་པ་པོ་དང་འགྲོ་བ་ལྔ་ལ་ཉི་མོ་རེ་རེ་སྟེར་རོ།།དཔག་ཚད་བཽརྒྱ་ནས་ཀྱང་བུད་མེད་བཟང་མོ་བླངས་ནས་སྟེ་རོ།།
73b5 མདོར་ན་བྲན་དང་།བྲན་མོ་དང་འདྲ་བར་ཇི་སྲིད་འཚོའི་བུར་དུ་ལས་ཐམས་ཅད་བྱེད་དོ།།འབྱུང་པོ་འདུལ་པའི་རྒྱུད་ཆེན་པོ་ལས་ལས་ཀྱི་ཤྭ་ཟ་མོའི་ཆོ་ག་རྒྱས་པའི་ལེའུའོ།།།
73b6 དེ་ནས་འབྱུང་མོ་གཏུམ་མོ་ཆེན་མོ་ཀ་ཏ་ཡ་ནི་གཏུམ་མོ་ཆེན་མོ་ལངས་ཏེ།འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་དཔལ་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་ཕྱག་འཚལ་ཏེ།རང
73b7 གི་སྙིང་པོ་ཕུལ་བ།ཾ་ཏྲུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ།ཀ་ཏ་ཡ་ན་ཞི་བ་མ་ཡིའོ།།ོཾ་བྷུ་ཛ་ལ་ཧཱུཾ་ཕཊ།ཀ་ཏ་ཡ་ན་ཆེན་མོ་ཡིའོ།།ོཾ་ཨཽ་ཏྲི་ཏྲི་ཧཱུཾ་ཧཱཾ་ཧྱེ་ཧེ་ཕཊ་ཕཊ་སྭཱ་ཧཱ།།དྲག་མོ་ཀ་ཏ་ཡན
iiif viewer powered by OpenSeadragon
73a - 74a