| | e-texts navigator
|
71a1 ཀྱི་དངོས་གྲུབ་སྦྱར་ཞིང་དཔག་ཚོད་སྟོང་དུ་སོང་ནས་བུད་མེད་བཟང་མ་བླངས་ནས་སྦྱར་བྱུར་བྱུང་ཅིང་མཚན་མོ་སླར་ཁྱེར་རོ།།ལྷ་ཁང་སྤྱོད་པར་སོང་ནས་ཇི་ལྟ།།
71a2 གསུངས་པའི་གཏོར་མ་དང་མཆོད་པ་བྱས་ཏེ།སྟང་ཕྲག་བརྒྱད་དུ་བཟླས་ན་འགྲུབ་པར་འགྱུརརོ།།མཚན་མོ་ཡོང་གཏོར་མ་བྱིན་ནས་སྟོང་ཕྲག་བརྒྱད་བཟླས་ན་ངེས་པར་འོང་ངོ་།།
71a3 འོངས་པ་ལ་འདོད་པ་བྱས་ན་ཆུང་མ་འགྱུར་ཏེ།ཉྩ་མོ་རེ་རེ་དོང་རྩི་སྟོང་སྟོང་སྟེར་ཞིང་།རྒྱུབ་ཏུ་ཞོན་ན་རི་རབ་ལ་ཡང་ཁྱེར་བར་བྱེད་དོ།།གཞན་རྒྱལ་སྲིད་སྦྱིན་པར་བྱེད་ཅིང་རྒྱལ
71a4 པོའི་བུ་མོ་བཀུག་ནས་སྟེར་ཏེ་ལོ་སྟོང་ཕྲག་ལྔ་འཚོ་ཞིང་ཤི་ནས་ཀྱང་རྒྱལ་རིགསུ་སྐྱེའོ།།ཆུ་བོ་འདུས་པའི་འགྲམ་དུ་སོང་སྟེ་ཤྲཱིའི་བཟའ་བ་དང་།ཀ་རི་བཻ་རའི་མེ་ཏོག་སྦྱིན་ཞིང་གུ
71a5 གུལ་གྱི་དུད་པས་བདུགས་ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་རོ།།མཚན་མ་ཡང་མཆོད་པ་རྒྱས་པར་བྱས་ཏེ།མེ་རབ་ཏུ་སྦར་ནས་སྟོང་ཕྲག་བརྒྱད་བཟློས་ན་འཁོར
71a6 ལྔ་བརྒྱ་ས་ཡོངསུ་བསྐོར་ནས་རྐང་གདུབ་ཀྱི་སྒྲ་ཆེན་པོས་འང་ངོ་།།འོངས་པ་ལ་མི་སྨྲ་བར་གྱུར་པས་འདོད་པར་བྱ་སྟེ་ཆུང་མར་འགྱུརརོ།།གལ་ཏེ་སྤོང་བར་བྱེད་ན་འཚོ་བར་འགྱུར།།
71a7 རྒྱ་ཏུ་ཞོན་ན་ཉི་མེ་རེ་རེ་མཐོ་རི་མུ་ཡང་ཁྱེར་བར་བྱེད་དོ།།གཞན་ཡང་རྒྱལ་སྲིད་སྟེར་ཞིང་སྟོང་ཕྲག་ལྔ་འཆི་ལ་ཤི་ནས་ཀྱང་རྒྱལ་རིགསུ་སྤྱིའོ།།ཆུ་བོའིའོ་འགྲམ་དུ་སོང་སྟེ་ཆུ
iiif viewer powered by OpenSeadragon
70b - 71b