| | e-texts navigator
|
70b1 ན་ཟླ་བ་གཅིག་གི་བཱར་དུ་ངེས་པར་འགྲུབ་པོ།།ཆུ་བོའི་འགྲམ་དུ་སོང་སྟེ།ཙུན་དན་གྱི་དཀྱིལ་འཁོར་བྱས་ནས་ཞོ་དང་འབྲས་ཆན་གྱི་གཏོར་མ་བྱིན་ན་ཉི་མ་བདུན་ན་ངེས་པར་འོང་ངོ་།།འོངས
70b2 ནས་ཙན་དན་གྱི་ཆུའི་མཆོད་ཡོན་བྱིན་ན་དགའ་བར་གྱུར་ཏོ།སྡུག་པ་ངས་ཅི་བྱ་ཟེར་ཏེ།སྒྲུབ་པ་པོ་ཡི་ས་རྒྱལ་སྲིད་བླང་ཅིག་ཅེས་སྨྲའོ།།དེ་ནས་ཡུལ་འཁོར་ཡང་ཡོངསུ་སྐྱོང་བར་བྱེད་དོ།།
70b3 གོས་དང་།རྒྱན་དང་།བཟའ་བ་ལ་སོགས་པ་འཐུན་པར་སྦྱིན་པར་བྱེད་དོ།།དཔལ་རྡོ་རྗེ་འཆང་གི་ཁང་པར་སོང་སྟེ།ཀ་ར་པི་རིའི་མེ་ཏོག་སྦྱིན་ཞིང་གུ་གུལ་གྱིས་བདུག་པོས་བདོགས
70b4 ལ་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར་ཏེ།མཚན་མོ་ཡང་སྟོང་བཟླས་ན་ངེས་པར་འོང་ངོ་།།འོངས་པ་ལ་མེ་ཏོག་གི་བསྟན་སྤྲིན་ཞིང་ལེགས་པ་འོང་སོ་ཞེས་བརྗོད་ན་ཆུང་མར
70b5 འགྱུར་ཏེ།ལྷའི་དངུལ་ཆུ་དང་།བཅུད་ཀྱིས་ལེན་དང་།རྫས་ཀྱི་དངོས་གྲུབ་སྟེར་ཞིང་དག་ཐམས་ཅད་འཇོམས་པར་བྱེད་དོ།།རྒྱབ་ཏུ་ཞོན་ན་མཐོ་རི་སུ་ཡང་ཁྱེར་བར་བྱེད་དོ།།ལོ་སྟོང
70b6 ཕྲག་བཅུར་འཚོའོ།།ཆུ་བོའི་འགྲམ་དུ་སོང་སྟེ་སྤོས་དཀར་པོས་དཀྱིལ་འཁོར་བྱས་ནཱས་མེ་ཏོག་དཀར་པོ་བྱིན་ཏོ།།དུ་རུ་ཀ་སཽ་བདུགས་ལ་སྟོང་ཕྲག་བཅུ་བཟླས་ནོ་འགྲུབ་པར
70b7 འགྱུརརོ།།མཚན་མོ་ཡང་སྟོང་བཟླས་ནི་ངེས་པར་འོང་ངོ་།།འོངས་པ་ལ་མེ་ཏོག་གོ་ཆུའི་ཡོན་ཆབ་བྱིན་ནས་བསྒོ་ན་སྲིང་མོར་འགྱུར།།དངུལ་ཆུ་དང་།བཅུད་ཀྱིས་ལེན་དང་།རྫས
iiif viewer powered by OpenSeadragon
70a - 71a