e-texts navigator
Collection
Volume
Page
Wylie

70a1 གཉིས་གའི་སོར་མོ་རྣམས་གཅིག་གི་སྟེང་དུ་གཅིག་བསྐྱོན་པ་བྱས་པ་ལ་ལག་པ་གྲཡས་པ་རྒུད་པ་གཡས་པར་བཞག་ལ།ལག་པ་གཡོན་པས་གཡས
70a2 མནན་པའི་སྟེང་དུ་གཞག་པ་ནི་མཆོག་གི་སྙིང་པོ་སྟེ་འབྱུང་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ།།ཕྱག་རྒྱ་འདི་དག་བཅིངས་པ་ཙམ་གྱིས་འབྱུང་མོ་རྣམས་མྱུར་དུ་འོང་སྟེ།གལ་ཏེ་མ་འོངས
70a3 ན་མེགྲ་དང་སྤྱི་བོ་འགས་ཤིང་བསྐམས་ཏེ་འཆི་བར་གྱུར་ཅིག།དེ་ནས་དཔལ་ལྡན་རྡོ་རྗེ་འཚོང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།།གལ་ཏེ་འབྱུང་མ་རྣམས
70a4 དམ་ཚིག་ལས་འདའ་བར་བྱེད་ན་ཁྲོ་བོ་འདི་དང་བཅས་པས་དགུག་པའི་ཕྱིར་བཟླས་ཏེ།ོཾ་ཀ་ཊུ་ཀ་ཊུ་སྲྀ་ཏྲོ་ཧྲི་ཆེ་གེ་མོ་བྷྲྀ་ཏི་ནི་ཧཱུ~ཾ་ཕཊ།།ཁྲོ་བོ་འདི་དང་བཅས་པས་བརྒྱ་ཕྲག་བརྒྱད
70a5 བཟླས་ན་མྱུར་བར་འོང་བ.རོ་འགྱུར་རོ།།གལ་ཏེ་མྱུར་དུ་མ་འོངས་ནི་མིག་དང་སྤྱི་བོ་འགས་པ་འམ།བསྐམས་ཏེ་འཆིའོ།།དེ་ནས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བཤད་པ།ཆུ་བོའི་འགྲམ
70a6 དུ་སོང་སྟེ་ཙན་དན་གྱི་དཀྱིལ་འཁོར་བྱས་ནས་མེ་ཏོག་གཅལ་ད་བཀྲམ་སྟེ།གུ་གུལ་གྱི་དུད་པས་བདུག་ཅིང་སྟོང་ཕྲག་བརྒྱད་བཟླས་ནས་འགྲུབ་པར་འགྱུར་རོ།།མཚན་མོ་ཡང
70a7 སྟོང་བཟླས་ན་འོང་སྟེ།འོངས་ནས་འདོད་པ་སྦྱིན་པར་འགྱུར་ཏེ་ཆུང་མེར་འགྱུརརོ།།གསེར་སྲང་བརྒྱ་མེལ་དུ་དོར་ནས་ཐོ་རངས་ཀྱིས་འགྲོ་བར་བྱེད་དོ།།ཉི་མ་རེ་རེ་འདི་ལྟར་བྱས




iiif viewer powered by OpenSeadragon

69b - 70b

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po