| | e-texts navigator
|
6a1 དབང་ཕྱུག་དགེ་སློང་གི་གཟུགས་ཀྱིས་ཞལ་ཡང་དག་པར་སྟོན་པར་འགྱུར་རོ།།བདེ་བར་ཚེའི་དུས་བྱེད་པར་འགྱུརརོ།།མཐོང་བར་འཁྲུལ་པ་མེད་དོ།།ལག་པ
6a2 གཡོབ་པ་མེད་དོ།།བཤང་བ་མེད་དེ།།གཅི་བ་མེད་དོ།།རླུང་གི་རྣམ་པ་མེད་དོ།།ཤིན་ཏུ་ལེགས་པར་གནས་ཤིང་དྲན་པ་དང་ལྡན་པར་འགྱུ་རོ།།ཁ་འོག་ཏུ་བལྟས་ནས་ཚེའི་དུས
6a3 བྱེད་པར་མི་འགྱུར་རོ།།འཆི་བའི་དུས་ཉོན་མོངས་པ་མེད་པར་རབ་ཏུ་བརྗོད་པར་འགྱུར་རོ།།སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་དང་དེར་སྐྱེ་བར་འགྱུརརོ།།
6a4 དགེ་བའི་བཤིས་གཉེན་དང་འབྲལ་པར་མི་འགྱུར་རོ།།ཉིན་རེ་ཞིང་དུས་གསུམ་དུ་ལན་གསུམ་དུ་བཀླག་པར་བྱའོ།།ཆང་དང་།ཤ་དང་།གཙོང་དང་།སྒོག་སྐྱོ་དང་།བདེ་བྱེད
6a5 ལ་བྱིན་པའི་ལྷག་མ་ཁྱད་པར་དུ་སྲུང་བར་འདོད་པས་དེ་རྣམས་སྤང་བར་བྱའོ།།དོན་ཡོད་ཞུགས་པའི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་ནུས
6a6 སྣ་མ་མྱི་ནུས་ཤེས་པར་བྱས་ལྔ་ཉིན་དུ་གཞུག་པར་བྱའོ།།སློབ་དཔོན་གྱིས་སེར་སྣ་མི་བྱ་སྟེ།གང་གི་ཕྱིར་ཕྲག་དོག་དང་སེར་སྣའི་དྲི་མི་སྤངས་པ་ནི་བྱང་ཆུབ་སེམས་དཔའ
6a7 ཡིན་ནོ།།སེམས་ཅན་གྱི་དོན་གྱི་ཆེད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་བྱང་ཆུབོ་སེམས་དཔའི་དགེ་འདུན་དུ་ཡང་འགྱུར་རོ།།ཤེས་རབ་ནི་བྱང་ཆུབ་ཏུ་བརྗོད་ལ
iiif viewer powered by OpenSeadragon
5b - 6b