| | e-texts navigator
|
69b1 མཆོག་སྷོ།།ཆུ་བོའི་འགྲམ་དང་དུར་ཁྲོད་དང་།།ཕྱག་ན་རྡོ་རྗེའི་ཁྱིམ་དག་སྟེ།།དེར་ནི་འབྱུང་བ་འབྱུང་མོ་ཀུན།།འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།།འབྱུང་པོའི་རྒྱལ་མོ་ཆེན་མོ་བརྒྱད་ཀྱི་སྒྲུབ
69b2 པའི་གནས།།དེ་ནས་ཕྱག་རྒྱ་བཤད་བྱ་བ།།འབྱུང་མོ་བརྒྱད་ཀྱི་སྒྲུབ་པ་སྟེ།།ལག་གཡོན་ཁུ་ཚུར་དམ་བཅས་ནས།།གུང་མོ་རབ་ཏུ་བརྒྱུད་བྱས་པ།།སྤྱན་དྲང་མཆོད་པའི་ཕྱག་རྒྱ་སྟེ།
69b3 རིགས་ཀྱི་མཆོག་ནི་སྐྱོབ་བྱེད་པའོ།།ཁུ་ཚུར་ཕན་ཚུན་བ་ནངས་ནས་ནི།།མཛུབ་མོ་རབ་ཏུ་བརྒྱུད་བྱས་པ།།རང་གི་དམ་ཚིགེ་སྲུང་བ་ཡི།།འབྱུང་མོ་སྐོང་ཅིག་དེ་ལ་སྒྲུབ།།ལག་གཡོན
69b4 ཁུ་ཚུར་དམ་བཅངས་ནི་སོ་མཐེ་ཆུང་རབ་ཏུ་བརྐྱང་བྱས་པ།།ཉེ་བར་བྱེད་པའི་ཕྱག་རྒྱ་སྟེ།།འབྱུང་པོ་ཐམས་ཅད་རྗེས་འབྲང་བའོ།།ལག་པ་ག་ཡོན་པ་བརྐྱང་ནས་ནི།།མཛུབ་མོ་བསྐྱིལ
69b5 བ་བྱས་ནསུ།།མཐེ་བོང་གཡས་ནི་མནན་བྱས་པོ།།འབྱུང་ཀུན་དབོང་དུ་བྱུང་པའོ།།ལག་གཱ་ཡོན་ཁུ་ཚུར་བཅངས་པ་ལས།།སྲིན་ལག་རབ་ཏུ་བརྐྱང་བ་ནི།འབྱུང་མོ་ཐམས་ཅད
69b6 འགྲོགས་པ་སྟེ།།བགེགས་ཀུན་བཟློག་པར་བྱེད་པའོ།།ལག་གཡོན་ཁྲོ་ཚུར་བཅས་ནས་ནི།།མཛུབ་མོ་རབ་ཏུ་བརྐྱང་བྱས་པོ།འབྱུང་མོ་མངོན་ཕྱོགས་བྱེད་པ་སྟེ།།གདུག་པ
69b7 ཐམས་ཅད་ཟེ་བྱེད་པའོ།།ལག་པ་གཡོན་པོས་ཁུ་ཆུར་བཅངས་ཏེ་མཐེ་ཆུང་བརྐྱང་བ་ནི་འབྱུང་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ།ཐམས་ཅད་དུ་ལས་ཐམས་ཅད་བྱེད་པའོ།།ལག་པ
iiif viewer powered by OpenSeadragon
69a - 70a