e-texts navigator
Collection
Volume
Page
Wylie

69a1 ཨོཾ་ཤྲཱི་བི་མ་ལེ་སུནྣ་རི་ཨ།ོཾ་ཤྲཱི་ར་ཏི་སུནྡ་རི་དྷ།ོཾ་ཤྲཱི་མ་ནོ་ཧ་ར་སུནྡ་རི་ཨཽ།ོཾ་ཤྲཱི་བྷུ་ཥཾ་སུཉྫ་རི་མཱཾ།ོཾ་ཤྲཱི་བ་ལ་སུནྡི་རཱི་མཾ།ོཾ་ཤྲཱི་ཙཀྵུ་ར་མ་དྷུ་མ་སུནྡ་རྀ་ཏི།ཞེས་པ་འདི།།
69a2 རྣམས་ནི་འབྱུང་པོའི་རྒྱལ་མོ་ཆེན་མོ་སྟེ།།དཔལ་གྱི་སྒྲ་ཡིས་རབ་ཏུ་གྲགས་པའོ།།དེ་ནས་དཔལ་གྱི་སྒྲུབ་པའི་ཐེབས་བཀླགས་པ་ཙམ་གྱིས་དངོས་གྲུབ་སྟེར་བ་སྟེ།དཔེལ་རྡོ་རྗེ་འཆང་གི
69a3 མཚན་བརྗོད་པ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་ཐམས་ཅད་མངག་གཞུག་པར་འགྱུར་རོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གང་གི་ཚེ་དམ་ཚིག་ལས་འདས་ན་འཕྲལ་དུ་འབྱུང་།
69a4 པོ་དང་འབྱུང་མོ་ཐམས་ཅད་རིགས་དང་རྒྱུད་དུ་བཅས་ཏེ་ཕུང་བར་བྱའོ།།དེ་ནས་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པས་འདི་སྐད་ཅེས་གསོལ་ཏོ།།ལྷ་ཆེན་པོའི་དམ་ཚིག་ལ་གནས་ཤོང
69a5 འཇིག་རྟེན་པའི་སྔགས་དང་ཕྱག་རྒྱའི་ཆོ་ག་ཐམས་ཅད་ཀྱི་དངོས་གྲུབ་སྩལ་བར་བགྱིའོ།།དཔལ་རྡོ་རྗེ་འཆང་བཟླས་པ་ཙམ་གྱིས་ཐམས་ཅད་འགྲུབ་པར་འགྱུར་ཏེ།གལ་ཏེ་མ་གྲུབ་ན
69a6 རིགས་དང་རྒྱུད་དུ་བཅས་པ་པོ་རླག་པར་གྱུར་ཅིག།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དམ་ཚིག་ཉམས་པར་གྱུར་ཅིག།དེ་བཞིན་གཤེགས་པའི་ཁྲོ་བོ་རྡོ་རྗེ་སྤྱི
69a7 བ་འགས་པར་གྱུར་ཅིག།མྱུར་བ་ཉིད་དུ་ཤི་སྟེ་རྣམ་པ་ཐམས་ཅད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག།དེ་ནས་ཡང་དག་བཤད་བྱ་བ།།སྒྲུབ་པ་པོ་ཡི་གནས




iiif viewer powered by OpenSeadragon

68b - 69b

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po