e-texts navigator
Collection
Volume
Page
Wylie

68b1 རིན་པོ་ཆེ་དང་།བཻ་ཌཱུརྱ་དང་།པདྨ་ར་ག་དང་།རྫས་ཐམས་ཅད་ཕུལ་ཅིག།དེ་ནས་ལྷའི་བུད་མེད་ལ་སོགས་པ་ལྷའི་བུ་མོ་དང་གནོད་སྦྱིན་མོ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ
68b2 ལྡན་འདས་འགུ་མོའི་གུ་མོ།།དཔལ་ལྡན་རྡོ་རྗེ་ཁྲོ་བོ་ཟློས་པ་རྣམས་ཀྱི་བྲན་མོ་བགྱིད་དོ།།གལ་ཏེ་ཁྲོ་བོ་བཟློས་པའི་བསྙེན་བཀུར་མོ་བགྱིས་ན་རིགས་དང་རྒྱུད་དུ་བཅས་པ་བརླག་པར
68b3 གྱུར་ཅིག།དམ་པའི་ཆོས་སྤངས་པར་གྱུར་ཅིག།དེ་བཞིན་གཤེགས་པ་ཐམས་ཅད་ལ་སྨད་པར་གྱུ་ཅིག།བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོ་རྡོ་རྗེ་ས་སྤྱི་བོ་ཁོས་ཤིག།ལན
68b4 བརྒྱད་རྣམ་པར་བཤེགས་ཤིང་ནས་མྱུར་བ་ཉིད་དུ་དམྱལ་བ་ཆེན་པོ་བརྒྱད་དུ་འཇུག་པར་གྱུར་ཅིག།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ལྷའི་བུད
68b5 མེད་ཐམས་ཅད་དང་།ཀླུ་མོ་དང་།གནོད་སྦྱིན་མོ་རྣམས་ལ་ལེགསོ་ཞེས་བྱ་བ་བྱིན་ཏེ།ལྷའི་བུ་མོ་དང་།ཀླུ་མཽ་དང་།གནོད་སྦྱིན་མོ་རྣམས་ལེགསོ་ལེག་སོ།།མ་འོངས་པའི་ཚེམ
68b6 འོངས་པའི་དུས་ན་དེ་བཞིན་གཤེགས་པ་ཟློས་པའི་མི་རྣམས་ཀྱི་བསྙེན་བཀུར་གྱིས་ཤིག།དེ་ནས་འབྱུང་པོའི་རྒྱལྔ་པོ་གཞན་གྱིས་མི་ཐུབ་པ་ལ་སོགས་པ་འཁོར་དང་བཅས་པ
68b7 ལངས་ཏེ།དཔལ་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་མགོ་བོས་བཏུད་ནས་རང་གི་སྙིང་པོ་ཕུལ་བ།ོཾ་ཤྲཱི་མ་ཧཱ་བྷཱུ་ཏ་ཀུ་ལ་སུན་ད་རི་ཧཱུཾ།ོཾ་ཤྲཱི་བི་ཛ་ཡ་སུནྡ་རི་ཏིཿ




iiif viewer powered by OpenSeadragon

68a - 69a

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po