e-texts navigator
Collection
Volume
Page
Wylie

68a1 སྒྲུབ་པའི་ཐབས་རྒྱ་ཆེན་པོ་ཆོ་ག་སྣ་ཚོགས་པ་ཕྱག་རྒྱ་དང་།སྔགས་ཀྱི་ཚིག་གིས་སྒྲུབ་པའི་ཐབ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་བདག
68a2 བོ་ཤོད་ཅིག་ཅེས་གསུངསོ།།དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་རོ་འཚོ་བར་བྱེད་པའི་སྔགས་གསུངས་པ།ོཾ་ཀརྡྷ་ཀརྡྷ་མི་ཏཱ་སཾ་ཛཱི་བ་ཡ་ཏིདྷཱ་ཡ།དེ་ནས་འོད་གསུངས་པ
68a3 ཙམ་གྱིས་ལྷ་ཐམས་ཅད་མྱོས་ཏེ།བརྒྱལ་ཞིང་དགྱེལ་ནས་ཆེར་འཇིགས་ཤིང་རབ་ཏུ་འབད་པར་གྱུར་ཏེ་གནསོ།།དེ་ནས་ལྷ་ཆེན་པོས་གསོལ་པ།བྱང་ཆུབ་སེམས་དཔའ་ཆེན
68a4 པོ་སྐྱོབ་ཤིག་སྐྱོབས་ཤིག།དེ་ནས་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོས་འདི་སྐད་ཅེས་གསུངསོ།།མ་འཇིགས་ཤིག་མ་འཇིགས་ཤིག།ཀྱེ་འབྱུང་བའི་བདག་པོ་ཁྱེད་རྣམས
68a5 གཞོན་ལས་རྒྱལ་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་དུ་དབང་དུ་བསྡུ་ཞིང་འབྱུང་པོ་ཐམས་ཅད་ཚར་བཅད་པར་བྱའོ།།དེ་ནས་རིག་སྔགས་འཆང་གི་དབང་པོ་དང་ལྷའི་བུད་མེད་ཐམས
68a6 ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བསྐྱབ་དུ་གསོལ།།དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོས་བསྐྱབ་དུ་གསོལ།།དེ་ནས་ཁྲོ་བོ་ཆེན་པོ་རྡོ་རྗེ་འཆང་གིས་འདི་སྐད
68a7 ཅེས་གསུངསོ།།ཀྱེ་དུད་མེད་རྣམས་གོ་བར་གྱིས་ཤིག།དཔལ་རྡོ་རྗེ་འཆང་རྒྱལ་པོ་ཆེན་པོ་ལ་སོགས་པའི་བསྙེན་བཀུར་བྱོས་ཤིག།དབྱིག་དང་།གསེར་དང་།མུ་ཏིག་དང་།།




iiif viewer powered by OpenSeadragon

67b - 68b

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po