| | e-texts navigator
|
67b1 ཏན་ལ་སོགས་པ་དང་།ཡོ་བྱད་དང་།རྫས་ཐམས་ཅད་བགོགས་མེད་པར་བྱིན་ཅག།རྒྱལ་པོའི་འཇིགས་པ་དང་།དགྲའི་འཇིག་པ་དང་།སེད་བློའི་འཇིགས་པ་དང་།སྟག་གི་འཇིགས
67b2 པ་ཐམས་ཅད་བཟློག་ཅིག།ཀྱེ་ཀྱེ་གཞན་གྱིས་མི་ཐུབ་པ་འབྱུང་པོའི་དབང་ཕྱུག་ཆེན་པོ་མྱུར་དུ་མྱུར་དུ་ཉོན་ཅིག་ཉོན་ཅིག།ལེ་ལོ་ཅན་དང་།ཚུལ་ཁྲིམས་འཆལ་བ་དང་།སྡིག་པ་བྱེད་པ་དང་།
67b3 བརྫུན་སྨྲ་བ་རྣམས་ལ་ངེས་པར་དངོས་གྲུབ་བྱིན་ཅིག།གལ་ཏེ་རིག་སྔགས་འཆང་ལ་དངོས་གྲུབ་མོ་སྦྱིན་ནཱ་ཀླུ་མོ་དང་།གནོད་སྦྱིན་མོ་དང་།ས་ལ་འཇོམས་མ་དང་།ལྷ་མ་ཡི་ནོ་མོ་དང་།
67b4 མི་འམ་ཅི་མོ་དང་།ན་མཁའ་ལྡིང་མོ་དང་།ལྟོ་འཕྱེ་ཆེན་མོ་དང་།ཤ་ཟ་མྲྀ་དང་།འབྱུང་མོ་དང་།དྲི་ཟ་མོ་རྣམས་ཀྱི་སྤྱི་བོ་མི་ཕྱེད་པའི་རྡོ་རྗེས་འགྲས་པར་བྱ་ཞིང་དམྱལ་བ་ཆེན་པོ་བརྒྱད་དུ
67b5 ལྟུང་བར་བྱའོ།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་དུ་ལེག་སོ་ལྡེག་ས།།ལག་ན་རྡོ་རྗེ་ལོགས་པོར་བཤད་དོ།།མི་རྣམས་ལོ་ཕན་པའི་ཕྱིར་བྱང་ཆུབ་སེམས
67b6 དཔའ་སེམོས་དཔའ་ཆེན་པོ་བརྩོན་འགྲུས་དང་།སྟོབས་དང་།ཕ་རོལ་གནོན་པ།མི་ཕྱེད་པར་གྲགས་པ།ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ་ཁམས་གསུམ་པོའི་ཆོས་ཀྱི་རྒྱལ
67b7 པོ་ཆེན་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁནམས་ཐམས་ཅད་གྲུབ་པར་བྱེད་པ།ཆོས་ཀྱི་འཁོར་ལོ་ཐམས་ཅད་བསྐོར་བར་བྱེད་པ་སྡུགོ་བསྣོལ་ཐམས་ཅད་འཇོམས་པར་བྱེད་པའི
iiif viewer powered by OpenSeadragon
67a - 68a