e-texts navigator
Collection
Volume
Page
Wylie

67a1 འབྱུང་མོ་རྣམས་ཀྱི་ལུས་ལོ་ཞུབས།།ཞུགས་པ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་ནམསཱ་ལངས་ཏེ་ཚོར་འཇིགས་ཤིང་རབ་ཏུ་འདྲང་བར་གྱུར་པས་བ་མ་ཏན
67a2 འདས་བསྐྱབ་ཏུ་གསོལ།བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ།བཅོམ་ལྡན་འདས་ཀྱི་བཀའ་བཞིན་བགྱིད་དོ་ཞེས་སྨྲས།།དེ་ནས་འབྱུང་པོའི་བདག་པོ་གཞན་གྱིས་མི་ཐུབ
67a3 པ་འཁོར་གྱི་དཀྱིལ་འཁོར་དེར་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྐྱེ་བོས་ཕྱག་འཚལ་ནས།བཅོམ་ལྡན་འདས་ཁྲོ་བོའི་བདག་པོ་ཆེན་པོ་དཔལ་སྲིད་པ་གསུམ་ལས་རྣམ
67a4 པར་རྒྱལ་བ་བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ།བཅོམ་ལྡན་འདས་ཡོངསུ་བསྒྲུབ་ཏུ་གསོལ།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འབྱུང་དེའི་བདག་ཐ
67a5 གླིང་བཞི་པ་ཐམས་ཅད་ཀྱི་མི་རྣམས་ལ་དངོས་གྲུབ་རྫོགས་པར་བྱིན་ཅིག་འཛམུ་གླིང་པོའིའོ་མོ་རྣམས་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་པའི་རྫས་རྣམས་སྒྲུབ་ཅིང་བདེ་བར་བྱིན
67a6 ཙོག།དབྱིག་དང་།གསེར་དང་།དངུལ་དང་།མུ་ཏིག་དང་།བཻནྡྷརྱ་དང་།པདྨ་དྷྲྀ་ག་དང་།མེ་དང་ཆུའི་ཤེལ་དང་།སྨྱོས་དང་།ལྷའི་ན་བཟའ་རྣམས་བྱིན་ཅིག།འདི་ཟློས་པའི་འབྲས
67a7 བུ་འགྲུབ་པོར་བགྱིས་ཤིག།བསྙེན་བཀུར་གྱིས་ཤིག།དེ་བཞིན་གཤེགས་པ་ཐམས་ཅད་ཟློས་པའི་རིན་པ་ཆེའི་ཅོད་པན་དང་།གོས་དང་།དྲི་དང་།བདུག་པ་དང་།མོ




iiif viewer powered by OpenSeadragon

66b - 67b

Texts on this page

N650 - 'byung po 'dul ba zhes bya ba'i rgyud kyi rgyal po chen po