| | e-texts navigator
|
66b1 དང་བཅོས་པ་མ་ལུས་པ་ཕུང་བར་འགྱུར་རོ།།དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཆེན་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།།
66b2 ཁྲོ་བོའི་བདག་པོ་ཆེན་པོ་གདུག་པ་དང་།མ་རུངས་པ་རྣམས་གསོད་པར་བྱེད་པ་བཤད་དུ་གསོལ།དེ་ནས་དབང་ཕྱུག་ཚོན་པོ་ཡི་ལྷ་ཆེན་པོ་ལེགསོ་ལེག་སོ་ཞེས་བྱ་བ་བྱིན་ནས་འབྱུང
66b3 བོ་ཐམས་ཅད་གསོད་པའི་སྔགས་ཀྱི་ཚིག་གསུངས་པ།ོཾ་བཛྲ་ཛྭ་ལི་ཧཽ་ན་ཧ་ན་སརྦ་བྷཱུ་ཏ་ན་ཧཱུཾ་ཕཊ།།དེ་ནས་འདི་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་བ་སྤུའི་བུ་ག་རྣམས་ནས
66b4 རྡོ་རྗེ་འབར་བ་དུ་མ་བྱུང་བར་གྱུར་ཏེ།འབྱུང་པོ་ཐམས་ཅད་ཀྱི་ལུས་བསྐམས་ཤིང་།།བརྒྱ་བྱིན་དང་།ཚངས་པ་དང་།ཁྱབ་འཇུག་ལ་སོགས་པ་ལྷ་ཐམས་ཅད་བསད་པར་གྱུར་ཏོ།།
66b5 དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་མཚར་དང་བཅས་པས་འདི་སྐད་ཅེས་གསུངསོ།།ལེགསོ་དཔལ་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་ཆེན་པོ་མ་འོངས་པའི་ཚེ་མ
66b6 འོངས་པའི་དུས་ན་འབྱུང་པོ་དང་།འབྱུང་མོ་ཚར་གཅོད་པར་བྱེད་པ་ནི་ལེགསོ།།དེ་ནས་ཡ་ངོ་སླར་རོའི་རྣམ་པར་ཤེས་པ་འགུགས་པའི་སྔགས་གསུངས་པ།ོཾ་བཛྲ་ཨཱ་ཡུ་ཥེ
66b7 སར་སཱ་རཱ་སྲྀ་ན།དེ་ནས་གསུངས་པ་ཙམ་གྱིས་དཔལ་རྡོ་རྗེ་འཆང་གི་ཤངས་ཀྱི་བུ་ག་ནས་རླུང་ཆེན་པོ་རོ་འཚོ་བར་བྱེད་པ་བྱུང་པོར་གྱུར་ཏི།དེ་བྱུང་བ་ཙམ་གྱིས་འབྱུང་པོ་དང
iiif viewer powered by OpenSeadragon
66a - 67a