e-texts navigator
Collection
Volume
Page
Wylie

59a1 འདི་སྐད་ཅེས་ཁོ་བོས་གནས་འདི་ཡོངསུ་བཟུང་ངོ་།།ཞེས་བརྗོད་པར་བྱའོ།།དེ་ནས་རིག་པ་འཛིན་པ་དེའི་རིག་པ་རྣམས་དང་།གཞན་ཡང་གླགས་ལྟ་བ་འཇུག་པའི་གོ་སྐྲ
59a2 རྙེད་པར་མི་འགྱུར་རོ།།ཇི་ལྟར་འདོད་པར་སེམས་པ་བསྒྲུབ་པར་བྱའོ།།ཆོ་ག་གང་སྒྲུབ་ན།དེ་ནས་རིག་པ་འཛིན་པས་བ་ལང་གི་འོ་མ་དང་།ནས་དང་།འོ་མ་དང་།སློང་བཟེ་ཞིང་དེ་བཞིན
59a3 གཤེགས་པ་ལ་ཕྱོགས་པས་འབུམ་ཕྲག་གཅིག་བཟླ་བར་བྱའོ།།སྔགས་ཀྱི་མཐོར་གསོལ་པ་གདབ་པར་བྱ་སྟེ།གང་གི་ཚེ་བཅོམ་ལྡན་འདས་བདག་གི་སྒྲུབ་པ་འདི་གདོན་མི་ཟ་བར
59a4 འགྲུབ་པར་འགྱུ་རོ་བ་དེ་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བརྗོད་ལ།དེ་ནས་རྗེ་བཙུན་སངས་རྒྱས་ཀྱི་མདུན་དུ་ནག་པོའི་བརྒྱད་པའི་ཉིན་མཚན་གསོ་སྦྱོང་དང་ལྡན་པས་དགོངས་གའི་དུས
59a5 སུ་ཇི་ལྟར་ནུས་པས་མཆོད་པ་བྱ་སྟེ།ཀུ་ཤའི་ཆུན་པོའི་སྟེང་དུ་བསྡད་ལ་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་ཏེ་རིག་པ་ཁོར་མོར་ཇི་སྲིད་གཉིད་མ་བྱུང་བ་དེ་སྲིད་བཟླ་བར་བྱའོ།།
59a6 དེ་ནས་དེར་ཀུ་ཤ་སྡོམ་པ་ལ་ཉལ་ཏེ།གཉིད་ཀྱི་མཚན་མོའི་ཐུ་ན་ཚོད་ཕྱི་མ་ལ་ལྷ་དེ་ཉིད་གྲུབ་པ་ཡང་བཀའ་སྩོལ་བར་འགྱུ་རོ།།གལ་ཏེ་མི་གསུང་ན་ཉི་མ་ཕྱེ་མ་ལ་དེ་བཞིན་དུ་མཆོད་པའི་ཆ
59a7 གས་བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་མཆོད་དེ།སྣ་མའི་མེ་ཏོག་ལ་བརྒྱད་བརྒྱ་ཡོངསུ་བཟླས་ལ་ཕྱོགས་བཞིར་གཏོར་ཏེ།ཇི་སྲིད་གཉིད་མོ་བྱུང་བ་དེ་སྲིད་བར་དུ་བཟླས་པར




iiif viewer powered by OpenSeadragon

58b - 59b

Texts on this page

N649 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba