e-texts navigator
Collection
Volume
Page
Wylie

11a1 ལ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ།།ཉོན་ཞག་གཅིག་དུ་བསྙུང་བར་གནས་པ་འམ།དཀར་གསུམ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས
11a2 གོས་གཙང་མ་གྱོན་པར་གྱུར་པས་བཟླས་པ་བྱའོ།།དེ་ནས་སྐུ་གཟུགས་ཀྱི་མདུན་དུ་རང་ཉིད་བྲིས་པ་བལྟས་ཏེ་དེ་མཐོང་བས་དགའ་བར་འགྱུརརོ།།ཇི་སྲིད་དུ་འཕགས་པ
11a3 སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་དོ།།ལྡིང་རོས་སམ་མིག་སྨན་ལ་ཡོངསུ་བཟླས་ཏེ་མིག་ལ་བསྐུས་ན་དེ་ནས་མི
11a4 སྣང་བར་འགྱུར་ཞིང་ན་མཁའ་ལ་འགྲོ་བར་འགྱུར་རོ།།ཡང་དག་པར་རྨོངས་པ་མེད་པའི་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ།།སྒྲུབ་པ་པོ་གང་འདོད་པ་དེ
11a5 འདིས་བྱེད་དོ་ཞེས་བྱའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང
11a6 ཕྱག་དང་།དགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་དང་།གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།དྲི་ཟར་བཅས་པའི
11a7 འཇིག་རྟེན་ཡི་རངས་ཏེ།བཅོམོ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ




iiif viewer powered by OpenSeadragon

10b - 11b

Texts on this page

N644 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo