e-texts navigator
Collection
Volume
Page
Wylie

10b1 དུས་སྐྱ་བ་སྨན་དུ་ཤཱངྒཱན་ཆུག་ཏུ་སྦྲུལ་དུ་དང་ལྡན་པར་བྱེད་།།གཡང་མེད་པ་ཉམས་ནས་བུ་ལ་གྱུར་རོ།།ནུར་བུ་འདི་བཅངས་པས་ཐམས་ཅད་དུ་སྤྱད་དུ་བྱས་པ་ཡིན་ན།།དྲུག
10b2 དང་མེས་མི་ཚུགས།།དུག་གིས་བྱས་པ་ཡང་སྐྱེ་བར་མི་འགྱུར་རོ།།ནད་བྱུང་བ་ཡང་མི་སྐྱེ་ཞིང་མྱུར་དུ་ཞི་བར་འགྱུར།།བཟའ་རབ་ཏུ་ཞི་བར་འགྱུརརོ།།རླུང་དང་སྤྲིན་དང་ཐོག་ནི་ཆུས་ར
10b3 པར་བྱེད་དོ།།ཀ་ར་བི་རའི་ལྕུག་མོས་ནི་ལས་ཐམས་ཅད་བྱེད་དོ།།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་མཆོག་ཏུ་གྲུབ་པ་འདིས་མ་བསྒྲུབས་པར་ཡང་ལས་འདི་རྣམས
10b4 བྱེད་དོ།།དེ་ནས་སྒྲུབ་པར་འདོད་ན་ཐང་སྐུའི་ཆོ་ག་ནི་ཚོན་སྣམ་ལུས་པས་སངས་རྒྱས་ཀྱི་སྐུ་གཟུགས་མཉམ་པར་བྲི་བར་བྱ་སྟེ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི
10b5 ཅོད་པ་ནུ་འཆུང་བར་དགས་ཀྱི་ལྤགས་པས་སྨད་དཀྲིས་བྱིས་ཤིང་ཕྱུགས་བདག་གི་ཆ་ལུགས་འཆུང་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱའོ།།ལྷ་བཟླ་མཁན་གཟ་སྦྱོང་དང་ལྡན
10b6 པས་རི་མར་བྲི་བར་བྱེའོ།།དེ་ནས་རྩུབ་པ་པོས་མུ་གཟུགས་དེའི་དུན་དུ་བ་ལང་གི་མྦྷི་བས་དཀྱིལ་འཁོར་བྱས་ལ་མེ་ཏོག་དཀར་བ་པོཀྲམ་དྲི་ཞིམ་པའི་རྒྱུས་བཀུ་པའི
10b7 པ་བརྒྱད་བཞག་པར་བྱའོ།།ཉེ་བའི་སྤྱོད་པ་བརྒྱད་དང་།ཉེ་བར་མེ་འིའི་དྲུག་ནུ་རྩ་བཞི་དང་།ཁྲག་མེད་པའི་གཏོར་མ་ཤ་དང་བཅས་པ་བྱའོ།། ག་རུའི་བདུག་སྦས་བསྲེ།




iiif viewer powered by OpenSeadragon

10a - 11a

Texts on this page

N644 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo